གསེར་གྱི་ལོ་མ་འཐོར་བ།
ཞེ་འདང་ཟབ་པའི་དབྱར་ནམ་སོང་རྗེས།
སྟོན་ཀའི་དུས་ཚིགས་ཀྱི་བར་ན།
བསིལ་རླང་འཇམ་པོ་ཞིག་གི་རྗེས་སུ།
གསེར་གྱི་ལོ་མ་འཐོར་སྟངས་དེས།
དྲན་པ་འདིའི་ཁ་དོག་བསུབ་ནས་བུད་སོང་།
དུས་ཚིགས་འདིར།
ཙོང་ཁ་པའི་གཞིས་ཤག་གི་ཙན་དན་གྱི་སྡོང་འགོར།
དབྱིངས་སུ་ཟགས་པའི་གསེར་གྱི་ལོ་མ་དག
གྲྭ་རྐྱང་སུ་ཞིག་གི་སེམས་ངོགས་སུ་འཐོར་ཞིང་འཕྱོ།
གལ་སྲིད། སེམས་པ་འདི་ཤིང་ལོ་ཞིག་ཡིན་པའི་དབང་དུ་བཏང་ན།
སྡུག་བསྔལ་ཡོད་ཚད་རླུང་གིས་དག་ཅིང་ཆར་ཆུས་བཀྲུས་ཆོག
ནམ་ཟླ་འདིར། སྒེའུ་འགྲམ་དུ་བྲུལ་བའི་གསེར་ལོ་སེར་པོ།
བྱ་འདབས་སུ་ཤག་ཤག་གིས་འཕུར་དུས།
ཁོ་བོའི་སེམས་པའང་དེ་བཞིན་འཕུར་ཞིང་སྐྱོམ།
གསེར་གྱི་ལོ་མའི་ངོས་སུ་འཁྱིལ་བའི་བརྩེ་ཞེན་གྱི་མིག་ཆུ་རེ་རེ།
དགེ་ཆོས་ཀྱི་ཆང་ཕོར་ཁ་རུ་སིམས་ཡོད་ལ།
ཚངས་དབྱངས་པའི་མཛའ་གཞས་བར་ན་བཞུར།
རྩོམ་ཁུངས། ངེད་དྲ་བ།