མཚན་མོའི་བདེ་སྐྱིད།༼ཞར་བཀོད་གསུམ་ཡོད༽

དབུ་རུ་དོན་འདུར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-27

དུག་གི་སྡོང་པོ་མེ་ཏོག་ཡིན་པའི་འགྲེལ་བཤད་དང་།
ཁྱོད་ཀྱི་ནོར་འཁྲུལ་བདེན་པ་ཡིན་པའི་ངོ་སོ་ཚང་མ།
ལྷུག་ཏུ་བཞག་ནས།
བདེ་བའི་མལ་ལ་འཛུལ་ནས།
རང་དབང་གི་རྔུར་བ་འཐེན་པའི་དུས་སུ།
སེམས་པ་བདེ་སྐྱིད་ཀྱི་ཚོར་བས་འཁྱབ།
པད་མའི་ལོ་མར་འགྲིལ་བའི་གཙོག་པ་དེ།
ཟས་ཀྱི་མཆོག་ཏུ་འཛིན་པ་དང་།
ངན་པ་ཡ་མེད་ཐ་དག་ལ་དཔའ་རྟགས་འབྱིན་པའི།
ལས་ངན་ཚང་མ་བཞག་ནས།
མལ་གྱི་ནང་ན་སྐྱིད་པོའི་གཉིད་ལ་སྡོད་དུས།
དེ་ནི་བདེ་སྐྱིད་ཀྱི་ཡང་རྩེ་རུ་བསམ།
ཡོད་ཚད་ཅམ་གྱི་བཞག་པའི་མཚན་མོ་རེ་རེ་ནི།
ང་རང་དྭངས་གཙང་ཡིན་པའི་ཆ་ཤས་རེ་རེ་ཡིན།
མལ་ལས་ལངས་རྗེས།
ཨུ་ཚུགས་དང་སྡིག་པ་མིག་བཙུམ་གྱིས།
ཤ་ཟ་བའི་གཅན་གཟན་ཐ་དག་ལ་ངོ་དགའ་རེ་བྱེད་གིན་དུ།
རང་ཉིད་ལ་གུ་ཡངས་རེ་བྱུང་ཐབས་ཁོ་ནས།
འགྲོ་མཁས་སྡོད་མཁས་བྱས།
འོན་ཀྱང་བདེ་བའི་མལ་ལ་མ་ཟིམ་བར།
དྲང་བདེན་ཞེས་པ་དང་ཡ་རབས་ཟེར་བར་གོང་ཐང་མེད་པས།
ང་ཚོ་ཚང་མས་མིག་གི་ལྟ་ཁོམ་དང་།
དོན་གྱི་བསམ་ལོང་མ་བྱུང་བ་འདྲ།
 
   བྱིས་པའི་སེམས་པ།
བྱིས་པའི་སེམས་པ།
བྱ་འཕུར་དང་མཉམ་དུ་ནམ་མཁའ་ལ་འཕུར།
བྱིས་པའི་སེམས་པ།
རླངས་འཁོར་དང་མཉམ་དུ་གྲོང་ཁྱེར་ལ་འཕུར།
བྱིས་པའི་སེམས་པ་ལུག་ཁྱུ་དང་མཉམ་དུ་རྩྭ་ཐང་ལ་འཕུར་སོང་།
རེད་ཨང་།
འུར་སྒྲ་དང་འཚར་སྣང་གི་རྗེས་སུ།
བྱིས་པའི་སེམས་པ།
ཕྱོགས་ངེས་མེད་དུ་དགོད་སྒྲ་དང་མཉམ་དུ་འཕུར།
ཨ་མ་ལ་ཁ་ཟས་མ་རག་པར་ལྟོགས་པས་མནར་བ་བྱིས་པས་མི་ཤེས།
ཨ་ཕ་ལ་ལས་ཀ་མ་རག་པར་ལག་སྟོང་དུ་ཁྱིམ་ལ་ཕེབས་པ་བྱིས་པས་མི་ཚོར།
གནད་དོན་གང་ལའང་བཟང་ངན་བརྟག་མི་ཤེས་པའི།
བྱིས་པའི་སེམས་པ།
འཚར་སྣང་གི་རླུང་བུ་དང་སྡེབ་ནས།
མཚམས་རེ་སྤྲིན་པ་ལ་བཞོན་ཏེ་ནམ་མཁའ་ལ་འཕུར།
མཚམས་རེ་ཉ་མོ་ལ་ཆིབས་ཏེ་མཚོ་གཏིང་ལ་འཛུལ།
དགོད་སྒྲ་དང་བདེ་སྐྱིད་ཀྱི་སྣང་བས་བཟི་བའི།
བྱིས་པའི་སེམས་པ།
ནམ་ཡང་འཚར་ལོངས་མ་བྱུང་ན།
ཁྱོད་ལ་ད་ལྟ།
ཁྱིམ་ཚང་གི་དཀའ་ངལ་རྟོགས་པའི་བསམ་པ་མེད།
ཁྱོད་ལ་ད་ལྟ།
སྤྱི་ཚོགས་ཀྱི་འགལ་བ་བརྟག་པའི་རྣམ་དཔྱོད་མེད།
བཟའ་ཚང་བར་གི་རྩོད་པ་ཁྱོད་ཀྱི་མི་ཤེས་ཤིང་།
ཕ་སྤུན་བར་གྱི་འགལ་ཟླ་ཁྱོད་ཀྱི་མི་རྟོགས།
མི་ཚོགས་ཀྱི་ཞེ་སྡང་ཁྱོད་ཀྱི་མི་རིག
ཁྱོད་ནི་ད་ལྟ་ལྷད་མེད་ཀྱི་སེམས་པ་ཆུང་ཆུང་ཞིག
བྱམས་ལྡན་གྱི་སྐྱེས་མའི་པང་དུ་དྲོ་སྐྱིད་ཀྱི་ཚོར་བས་བཟི།
ས་ཡོམ་དང་ཆུ་ལོག
དམག་ཕྲུག་དང་མུ་གེ་སོགས།
ཅི་ཡང་སྣང་མེད་དུ་གཏོང་བའི་བྱིས་པ་ཆུང་ཆུང་ཞིག
ཁྱེད་ནམ་ཡང་འཚར་ལོངས་མ་བྱུང་ན་དགའ།
ཨ་མས་ཁྱོད་ལ་བརྩེ་དུང་གི་འོ་མ་སྟེར་ཆོག
ཨ་ཕས་ཁྱོད་ལ་བྱམས་སྐྱོང་གི་བདེ་སྐྱིད་བརྩལ་ཆོག
བྱིས་པའི་སེམས་པ།
ནམ་ཡང་འཚར་ལོངས་མ་བྱུང་ན་དགའ།
ནམ་ཡང་་་་་་་་་་

   སྟོན་ཀའི་ལག་པ།
སྟོན་ཀའི་ལག་པ།
འབྲས་ལྡན་གྱི་ལྗོན་པའི་གསེབ་ནས།
བདེ་སྐྱིད་འབྲས་བུ་བསྡུ་བར་བྲེལ།
སྟོན་ཀའི་ལག་པ།
འབྲུ་དྲུག་གི་མིག་འབྲས་ལྡིར་བའི་ཞིང་ཐང་ན།
ལོ་ལེགས་ཀྱི་འབྲས་བཟང་བསྡུ་བར་འཚུབ།
སྟོན་ཀའི་ལག་པ།
སད་སེརགྱིས་བཅོམ་པའི་ལོ་ཏོག་གི་འཁྲིས་སུ།
དབྱར་ཟླ་གསུམ་དོན་མེད་དུ་ཟད་པར།
སྡུག་བརྡ་སྟོན་གིན་འདུག
སྟོན་ཀའི་ལག་པ།
སྟོང་སང་སང་གི་འདས་སོང་ལ་བསམ་གཞིགས་བྱེད་གིན།
སྐྱོ་ལྷང་ལྷང་གི་དགུན་ཁ་ལ་དགའ་བསུ་ཞུ་བཞིན་འདུག
སྟོན་ཀའི་ལག་པ།
འབྲས་བཟང་གི་དགའ་སྟོན་ལ་རོལ་གིན།
འབྲས་མེད་ཀྱི་སྐྱོ་གླུ་དང་མཉམ་དུ་གནས་འདུག
སྐབས་དེ་དུས་ངས།
ལེ་ལོ་དང་འབད་བརྩོན་གྱི་མཐའ་འབྲས་ལ།
འདི་ལྟ་བུའི་ཁྱད་པར་ཡོད་པ་གཞི་ནས་རྟོགས་བྱུང་།
 
   སྒྱུ་མའི་འཇིག་རྟེན།
ཚིག་གི་སྡེབ་སྦྱོར་དང་དབྱངས་ཀྱི་འགྱུར་ཁུག
བརྩེ་དུང་གི་མེ་ལྕེ་དང་སྙིང་གཏམ་གྱི་ཉིང་ཁུ།
ཡོད་ཚད་ཆང་རག་གི་བཟི་ཁ་དང་མཉམ་དུ་སྐྱུག་པའི།
མི་ཚོགས་ཀྱི་མདུན་དུ།
ང་ནི་ཆུ་འཁོལ་གྱིས་རིག་པ་དྭངས་སུ་སོང་།
གཏེར་ཆུ་ཡིས་སེམས་པ་གསལ་རུ་སོང་བས།
སྙན་དབྱངས་ཀྱི་བསླུ་བྲིད་ལ་མ་ཐིམ།
སྙིང་གཏམ་གྱི་ཉིང་ཁུས་ཀྱང་མ་བཟི་བས།
གཏིང་ཟབ་པའི་འཚོ་སྡོད་ཀྱི་ཟབ་རུ་འཛུལ་ནས།
བདེ་བ་སྐད་ཅིག་མའི་དྲོ་སྐྱིད་མ་ཚོར།
མི་རྣམས་ཀྱིས་ང་རང་སྨྱོན་པ་ཡིན་པའི།
གྲལ་མཐའ་ལ་ཕུད་ཅིང་།
ངས་མི་རྣམས་སྨྱོན་པ་ཡིན་པ་དག་འབུད་བྱེད་ཐབས་མ་བྱུང་།
དེ་ནས་བཟུང་།
མི་རྣམས་བཟི་བས་ང་རང་སྨྱོ་ཞིང་།
ནམ་ཡང་དབྱེ་གསལ་མ་བྱུང་།
དེ་ནི།    མི་བོ་མང་པོ་ཞིག
འདས་རྗེས་ཀྱི་ལོ་རྒྱུས་ཙམ་རེད་ཨང་།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་མོའི་བདེ་སྐྱིད།༼ཞར་བཀོད་གསུམ་ཡོད༽

2012-06-27 དབུ་རུ་དོན་འདུར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།