ཁྱོད་ཀྱི་ཆེད་དུ་བཞེངས་པའི་སྣང་བརྙན།

རི་འཚེར་དབང་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-10-30

དྲན་པའི་གསེང་དུ་འཛུལ་བའི་རོལ་དབྱངས་ཁག་ཅིག་གིས་སེམས་པ་གསོས་རྗེས
ང་གཏན་དུ་གཉིད་ལྕོགས་བདེ་མོ་ཞིག་བརྒྱབ།
ལྷས་ར་ན་མེ་ཏོག་གི་མགོ་བོ་དུད་ཉམས་ཀྱི་དབང་གིས
དུས་ཚོད་ཀྱི་དབྱེར་མེད་དུ་འདྲེས་བའི་དུས་ཚིགས་ཤིག་གི་འགྲོས་ཚད་སླེབས།

དགུང་གི་ཉི་མ་ལ་ཁ་དོག་གི་ཐན་པ་བྱུང་དྲག་པས
ས་སྟེང་གི་སྲོག་དང་འདྲ་བའི་རྩྭ་ལྡུམ་གྱི་ཚོགས་ཀྱང་
རེ་རེ་བཞིན་གཟུགས་བརྙན་གྱི་ཁམས་སུ་ཐིམས་འགྲོ

ཆར་ཐིགས་ཤིག་ནམ་མཁའ་ཧྲིལ་བོ་ནས་བདག་གི་མེ་ལོང་ནང་ལྟུང་དུས
མི་ཡུལ་གྱི་འོད་དུ་འཚེར་བའི་འཛུམ་རིས་ཀྱི་སྐྱ་ཐིག་ཤིག་ཀྱང
རྐང་ལག་མེད་པའི་མི་ཞིག་གི་སྲོག་ཤིང་དུ་བཀོད་ནས
སྲོག་ཡོད་པའི་སྣང་བ་ཞིག་ཅིས་ཀྱང་སྟེར་དགོས་བྱུང་།
                           ༢༠༡༢ལོའི་ཟླ་༡༠ཚེས་༡༧ཉིན་རང་གི་མལ་ཤག་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ཀྱི་ཆེད་དུ་བཞེངས་པའི་སྣང་བརྙན།

2012-10-30 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

དྲན་པའི་གསེང་དུ་འཛུལ་བའི་རོལ་དབྱངས་ཁག་ཅིག་གིས་སེམས་པ་གསོས་རྗེས
ང་གཏན་དུ་གཉིད་ལྕོགས་བདེ་མོ་ཞིག་བརྒྱབ།
ལྷས་ར་ན་མེ་ཏོག་གི་མགོ་བོ་དུད་ཉམས་ཀྱི་དབང་གིས
དུས་ཚོད་ཀྱི་དབྱེར་མེད་དུ་འདྲེས་བའི་དུས་ཚིགས་ཤིག་གི་འགྲོས་ཚད་སླེབས།

དགུང་གི་ཉི་མ་ལ་ཁ་དོག་གི་ཐན་པ་བྱུང་དྲག་པས
ས་སྟེང་གི་སྲོག་དང་འདྲ་བའི་རྩྭ་ལྡུམ་གྱི་ཚོགས་ཀྱང་
རེ་རེ་བཞིན་གཟུགས་བརྙན་གྱི་ཁམས་སུ་ཐིམས་འགྲོ

ཆར་ཐིགས་ཤིག་ནམ་མཁའ་ཧྲིལ་བོ་ནས་བདག་གི་མེ་ལོང་ནང་ལྟུང་དུས
མི་ཡུལ་གྱི་འོད་དུ་འཚེར་བའི་འཛུམ་རིས་ཀྱི་སྐྱ་ཐིག་ཤིག་ཀྱང
རྐང་ལག་མེད་པའི་མི་ཞིག་གི་སྲོག་ཤིང་དུ་བཀོད་ནས
སྲོག་ཡོད་པའི་སྣང་བ་ཞིག་ཅིས་ཀྱང་སྟེར་དགོས་བྱུང་།
                           ༢༠༡༢ལོའི་ཟླ་༡༠ཚེས་༡༧ཉིན་རང་གི་མལ་ཤག་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།