ཆར་རྗེས་ཀྱི་བྱེའུ་ཆུང་།


སུས་ཀྱང་རྟོགས་མི་ཐུབ་པའི་རྨི་ལམ་དེའི་སླད་དུ།
སུ་ལ་ཡང་སྨོན་མི་དགོས་པའི་གཏམ་རྒྱུད་དེའི་རྐྱེན་པས།
ངའི་བྱེའུ་ཆུང་།
ཨར་འདམ་དང་ལྕགས་སྐུད་ཀྱི་རྐང་ལམ་རྒྱུད་འོང་བའི་ཚེ་སྲོག
རྫས་དུད་དང་དུག་རླངས་ཀྱིས་སྦགས་པའི་བྱེའུ་ཆུང་ཆུང་།
ཤག་ཤག་ཏུ་འབབ་པའི་ཉིན་དགུང་གི་ཆར་པ་དེས།
ཧ་ལམ་འཕུར་སྐྱོད་ཀྱི་སེམས་པ་ཡོད་ཚད་བརླན་སོང་བ་འདྲ།
 
ཆར་རྗེས་ཀྱི་བྱེའུ་ཆུང་།
བརླན་སོང་བའི་གཤོག་སྒྲོ་ནག་པོ་ཁོ་ནས།
འཕར་བཞིན་པའི་སྙིང་ཆུང་དམར་པོ་གཅིག་པུས།
གྱང་གིས་འཁེངས་པའི་ཁོར་ཡུག་གཅིག་ལ་རེག་དུས།
ཉམ་ཆུང་གི་སྐད་སྒྲས་རྨི་ལམ་གྱི་གཏད་སོ་བརླགས།
ཤི་རན་པའི་བྱ་རིགས་ཀྱི་མཚར་གཏམ་དེས།
ཁྱོད་ཀྱི་སྤུ་རྐང་རེ་རེ་རླུང་གི་དཀྱིལ་རིམ་ན་སྤུར།
སྒོ་ང་རྡོག་གཅིག་དང་འདྲ་བའི་ངའི་བྱེའུ་ཆུང་།
བྱེའུ་ཆུང་དང་འདྲ་བའི་ངའི་སྒོ་ང་རྡོག་གཅིག
གྲུ་ཁུག་ནས་གྲུ་ཁུག་ལ་མྱུལ།
དམའ་ས་ནས་དམའ་ས་རུ་ལྷུང་།
ཀྱེ་ཧུད།  ཆར་རྗེས་ཀྱི་བྱེའུ་ཆུང་།
སྨག་ནག་པའི་འཇིག་རྟེན་གྱི་གྲུ་ཟུར་ན།
ཆར་རྗེས་ཀྱི་འཇའ་ཚོན་ལ་སྒུག་གིན་ཡོད་དམ།
མཐོང་མ་མྱོང་བའི་སྐྱ་རེངས་ཤིག་ལ་སྒུག་གིན་ཡོད།
ཡང་ན།  འཆར་ངེས་པའི་མཚན་དགུང་གི་ཀློང་དུ་འཛུལ་གྱིན་ཡོད།
 
                                                      ༢༠༡༢ ༡༠ ༡༠ བྱང་ཤར་དགེ་འོས་སློབ་ཆེན་དུ།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆར་རྗེས་ཀྱི་བྱེའུ་ཆུང་།

2012-10-29 ར་བཟི་དབང་གྲགས། ཀློག་གྲངས། མཆན ཡོད།


སུས་ཀྱང་རྟོགས་མི་ཐུབ་པའི་རྨི་ལམ་དེའི་སླད་དུ།
སུ་ལ་ཡང་སྨོན་མི་དགོས་པའི་གཏམ་རྒྱུད་དེའི་རྐྱེན་པས།
ངའི་བྱེའུ་ཆུང་།
ཨར་འདམ་དང་ལྕགས་སྐུད་ཀྱི་རྐང་ལམ་རྒྱུད་འོང་བའི་ཚེ་སྲོག
རྫས་དུད་དང་དུག་རླངས་ཀྱིས་སྦགས་པའི་བྱེའུ་ཆུང་ཆུང་།
ཤག་ཤག་ཏུ་འབབ་པའི་ཉིན་དགུང་གི་ཆར་པ་དེས།
ཧ་ལམ་འཕུར་སྐྱོད་ཀྱི་སེམས་པ་ཡོད་ཚད་བརླན་སོང་བ་འདྲ།
 
ཆར་རྗེས་ཀྱི་བྱེའུ་ཆུང་།
བརླན་སོང་བའི་གཤོག་སྒྲོ་ནག་པོ་ཁོ་ནས།
འཕར་བཞིན་པའི་སྙིང་ཆུང་དམར་པོ་གཅིག་པུས།
གྱང་གིས་འཁེངས་པའི་ཁོར་ཡུག་གཅིག་ལ་རེག་དུས།
ཉམ་ཆུང་གི་སྐད་སྒྲས་རྨི་ལམ་གྱི་གཏད་སོ་བརླགས།
ཤི་རན་པའི་བྱ་རིགས་ཀྱི་མཚར་གཏམ་དེས།
ཁྱོད་ཀྱི་སྤུ་རྐང་རེ་རེ་རླུང་གི་དཀྱིལ་རིམ་ན་སྤུར།
སྒོ་ང་རྡོག་གཅིག་དང་འདྲ་བའི་ངའི་བྱེའུ་ཆུང་།
བྱེའུ་ཆུང་དང་འདྲ་བའི་ངའི་སྒོ་ང་རྡོག་གཅིག
གྲུ་ཁུག་ནས་གྲུ་ཁུག་ལ་མྱུལ།
དམའ་ས་ནས་དམའ་ས་རུ་ལྷུང་།
ཀྱེ་ཧུད།  ཆར་རྗེས་ཀྱི་བྱེའུ་ཆུང་།
སྨག་ནག་པའི་འཇིག་རྟེན་གྱི་གྲུ་ཟུར་ན།
ཆར་རྗེས་ཀྱི་འཇའ་ཚོན་ལ་སྒུག་གིན་ཡོད་དམ།
མཐོང་མ་མྱོང་བའི་སྐྱ་རེངས་ཤིག་ལ་སྒུག་གིན་ཡོད།
ཡང་ན།  འཆར་ངེས་པའི་མཚན་དགུང་གི་ཀློང་དུ་འཛུལ་གྱིན་ཡོད།
 
                                                      ༢༠༡༢ ༡༠ ༡༠ བྱང་ཤར་དགེ་འོས་སློབ་ཆེན་དུ།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།