རླུང་རྟའི་འདས་མཆོད།༼ཞར་བཀོད་གཅིག་ཡོད༽

ཁྱོད་ཀྱིས་ལྷོ་ལམ་དེའི་སྣེ་མོ་ཨུ་ཚུགས་ཀྱིས་དེད་ནས
སུས་ཀྱང་ཀློག་མ་ཐུབ་པའི་གསུང་རབ་གཏེར་མ་དེའི་ཆེད་དུ
ན་བུན་གྲངས་མེད་ཀྱི་ཟབ་ཚད་སུ་ཞིག་གི་མིག་མཐའ་ནས་བསྐྱུར་དགོས་བྱུང
མེ་ཏོག་ལྟར་འབར་བའི་སྙན་ངག་དམར་པོ་རྫ་སུལ་ལ་བཏབ་ཅིང
མདངས་མ་ཡལ་བའི་སོ་ཕྲེང་དཀར་པོ་རྨི་ལམ་དུ་བཞག་རྗེས
ཟེའུ་འབྲུ་མ་སྨིན་པའི་མེ་ཏོག་གི་གང་བུ་ཆུང་ཆུང་ཁྱོད
གོར་མོའི་ཁང་ཆུང་ལ་མཇུག་མཐའི་རྣམ་ཤེས་བསྟིམས་ཏེ
ལམ་བུ་ཡོད་ཚད་ཀྱི་མཐའ་སྣེར་རེ་བ་སྟོང་གི་ཤིང་ཕོར་དུམ་བུར་ཆག
སྣང་བ་ཞིག་ལ་གྲོགས་པོ་ཚོའི་རྐང་རྗེས་བར་ཐག་གིས་ཆོད་པས
ཁྱོད་ཀྱི་རུམ་ཁ་ཇེ་འཁྱགས་སུ་གྱུར་ཅིང
ཧྲལ་ཧྲུལ་གྱི་ལྷགས་པའི་ཁྲོད་ན་མིག་ཆུ་སྤར་མོ་གང་ལས་ཅི་ཡང་མེད་ནའང
མེ་སྟག་བུའི་བདེ་དྲོད་ཅིག་སེམས་པའི་ཟབ་སར་ཉར་ནས
ད་དུང་སུ་ལ་སྒུག
ལོ་གྲངས་ཀྱིས་བསགས་པའི་དཀར་ནག་གི་རྡེའུ་སུམ་ཅུ
གངས་ཏི་སེའི་ཉེ་འདབས་སུ  དུས་གཏན་དུ་རླུང་རྟའི་བྱ་ཁྱུ་དང་འདྲེས
                    2007.6.13 མཚན་མོར་རང་ཤག་ཏུ་ཁུ་སིམ་མེར་བྲིས།

            འགྱིག
རྒྱལ་སོང་ན་རྒྱལ་པོ་དང
ཕམ་སོང་ན་གཡོག་པོ་ཡིན
དཀར་ནག་གི་རྡེའུ་གྲངས་མེད
སྙིང་སྟོབས་དང་ལ་རྒྱས་བསྐུལ་བའི་རུ་ཚོགས་ལགས་ན
ཡོད་ཚད་བོའུ་རིང་དང་བཞི་སྒམ་ལ་བསྟུམས་ཏེ
ལྷག་མའི་རྣམ་ཤེས་ལ་དུར་བྱང་མ་འཛུགས
འཇོག་བཞིན་པའི་ཁྲག་ཐིགས་རེ་རེ
འཇོག་ཞིན་པའི་གཏམ་རྒྱུད་རེ་རེ་ཡིན་ལ
འབྲུ་རྡོག་བཞིན་སང་ཉིན་ལ་བཏབ་པའི
ས་བོན་ཡིན་པ་མ་བརྗེད་ཅིག
ཞེ་ལྷོད་པོས་བློ་རིག་པ་ལྕགས་སྐུད་ལྟར་སྒྲིམས་དང
ད་དུང་ཁྱོད་ཀྱི་རེ་བ་ལྷག་མང་ལྡིང་ལ་བཅོལ་ཆོག
             2009.5.23ཉིན་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རླུང་རྟའི་འདས་མཆོད།༼ཞར་བཀོད་གཅིག་ཡོད༽

2012-10-06 འུར་མིག ཀློག་གྲངས། མཆན ཡོད།

ཁྱོད་ཀྱིས་ལྷོ་ལམ་དེའི་སྣེ་མོ་ཨུ་ཚུགས་ཀྱིས་དེད་ནས
སུས་ཀྱང་ཀློག་མ་ཐུབ་པའི་གསུང་རབ་གཏེར་མ་དེའི་ཆེད་དུ
ན་བུན་གྲངས་མེད་ཀྱི་ཟབ་ཚད་སུ་ཞིག་གི་མིག་མཐའ་ནས་བསྐྱུར་དགོས་བྱུང
མེ་ཏོག་ལྟར་འབར་བའི་སྙན་ངག་དམར་པོ་རྫ་སུལ་ལ་བཏབ་ཅིང
མདངས་མ་ཡལ་བའི་སོ་ཕྲེང་དཀར་པོ་རྨི་ལམ་དུ་བཞག་རྗེས
ཟེའུ་འབྲུ་མ་སྨིན་པའི་མེ་ཏོག་གི་གང་བུ་ཆུང་ཆུང་ཁྱོད
གོར་མོའི་ཁང་ཆུང་ལ་མཇུག་མཐའི་རྣམ་ཤེས་བསྟིམས་ཏེ
ལམ་བུ་ཡོད་ཚད་ཀྱི་མཐའ་སྣེར་རེ་བ་སྟོང་གི་ཤིང་ཕོར་དུམ་བུར་ཆག
སྣང་བ་ཞིག་ལ་གྲོགས་པོ་ཚོའི་རྐང་རྗེས་བར་ཐག་གིས་ཆོད་པས
ཁྱོད་ཀྱི་རུམ་ཁ་ཇེ་འཁྱགས་སུ་གྱུར་ཅིང
ཧྲལ་ཧྲུལ་གྱི་ལྷགས་པའི་ཁྲོད་ན་མིག་ཆུ་སྤར་མོ་གང་ལས་ཅི་ཡང་མེད་ནའང
མེ་སྟག་བུའི་བདེ་དྲོད་ཅིག་སེམས་པའི་ཟབ་སར་ཉར་ནས
ད་དུང་སུ་ལ་སྒུག
ལོ་གྲངས་ཀྱིས་བསགས་པའི་དཀར་ནག་གི་རྡེའུ་སུམ་ཅུ
གངས་ཏི་སེའི་ཉེ་འདབས་སུ  དུས་གཏན་དུ་རླུང་རྟའི་བྱ་ཁྱུ་དང་འདྲེས
                    2007.6.13 མཚན་མོར་རང་ཤག་ཏུ་ཁུ་སིམ་མེར་བྲིས།

            འགྱིག
རྒྱལ་སོང་ན་རྒྱལ་པོ་དང
ཕམ་སོང་ན་གཡོག་པོ་ཡིན
དཀར་ནག་གི་རྡེའུ་གྲངས་མེད
སྙིང་སྟོབས་དང་ལ་རྒྱས་བསྐུལ་བའི་རུ་ཚོགས་ལགས་ན
ཡོད་ཚད་བོའུ་རིང་དང་བཞི་སྒམ་ལ་བསྟུམས་ཏེ
ལྷག་མའི་རྣམ་ཤེས་ལ་དུར་བྱང་མ་འཛུགས
འཇོག་བཞིན་པའི་ཁྲག་ཐིགས་རེ་རེ
འཇོག་ཞིན་པའི་གཏམ་རྒྱུད་རེ་རེ་ཡིན་ལ
འབྲུ་རྡོག་བཞིན་སང་ཉིན་ལ་བཏབ་པའི
ས་བོན་ཡིན་པ་མ་བརྗེད་ཅིག
ཞེ་ལྷོད་པོས་བློ་རིག་པ་ལྕགས་སྐུད་ལྟར་སྒྲིམས་དང
ད་དུང་ཁྱོད་ཀྱི་རེ་བ་ལྷག་མང་ལྡིང་ལ་བཅོལ་ཆོག
             2009.5.23ཉིན་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།