ང་རང་འབྲོག་སྡེ་གསར་བར་སྤོས་ཡོད།

 

ཕ་མེས་ཡང་མེས་ཀྱི་རིང་ནས།
མཐོ་སྒང་འདིའི་སད་སེར་དང་ཆར་ཆུ།
གྲང་རླུང་དང་ཁ་བ་བུ་ཡུག་འགོག་བྱེད་ཀྱི།
མགོ་སྦྲ་ལེབ་མོ་དེ་བསྐྱུར་ནས།
 
སོ་ཕག་གྲུ་བཞིའི་དཔུང་ཚོགས་དང་།
ཨར་འདམ་གྱི་བཟོ་བཀོད་ལས་བཞེངས་པའི།
ཁང་མིག་བཞི་ཅན་གྱི་འབྲོག་ཁྱིམ་སྙིང་ལ་རྗེ་བོ་དེ་རུ།
ངས་རང་ཉིད་ཀྱི་གཞིས་ཚང་བཅས་ཡོད།
 
ཡུལ་མི་ཚོས་བཤད་རྒྱུན་ལ།
ང་ཚོ་གནས་འདིར་གཏན་སྡོད་བྱེད་དགོས་ཟེར།
དབྱར་དགུན་སྟོན་དཔྱིད་རེ་རེ་ལའང་།
 
ལྷགས་རླུང་གིས་གྲང་ངར་སྦྱིན་ཚེ།
ང་ཚོས་ཁང་མིག་ཆུང་ཆུང་དེ་རུ་མེ་ཁ་སྦར་ཆོག་ལ།
ཉི་འོད་ཀྱིས་ཚ་ཟེར་འཕོས་ཚེ།
ང་ཚོས་ཁྱམས་རྭ་གྲུ་བཞི་དེ་ལས་བསིལ་རླུང་བསུས་ཆོག
 
འདི་ནི་ལྷ་ཆེན་གྱི་ཕྱག་ཟུང་གིས་བདེ་བར་འགོད་ཚུལ་ཡིན་ནམ།
ཡང་ན་།  འཆི་ཁ་མའི་སྔོན་གྱི་ངལ་གསོ་ཐེངས་དེ་ཡིན།
 
གང་ལྟར་མིག་བཙུམས་ནས་སྤྲོ་སྐྱིད་ལ་མྱངས་ཚེ།
ཆ་མ་འཚལ་བའི་འཇིགས་སྐྲག་གི་མུན་པའི་ཕུང་བོ།
ཁང་མིག་ཆུང་ཆུང་འདིའི་ཕྱོགས་བཞི་མཚམས་བརྒྱད་ནས་རིབ་ཡོང་།
                         ༢༠༡༢/༩/༡༥

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་རང་འབྲོག་སྡེ་གསར་བར་སྤོས་ཡོད།

2012-10-02 སྨག་འཇོམས། ཀློག་གྲངས། མཆན ཡོད།

 

ཕ་མེས་ཡང་མེས་ཀྱི་རིང་ནས།
མཐོ་སྒང་འདིའི་སད་སེར་དང་ཆར་ཆུ།
གྲང་རླུང་དང་ཁ་བ་བུ་ཡུག་འགོག་བྱེད་ཀྱི།
མགོ་སྦྲ་ལེབ་མོ་དེ་བསྐྱུར་ནས།
 
སོ་ཕག་གྲུ་བཞིའི་དཔུང་ཚོགས་དང་།
ཨར་འདམ་གྱི་བཟོ་བཀོད་ལས་བཞེངས་པའི།
ཁང་མིག་བཞི་ཅན་གྱི་འབྲོག་ཁྱིམ་སྙིང་ལ་རྗེ་བོ་དེ་རུ།
ངས་རང་ཉིད་ཀྱི་གཞིས་ཚང་བཅས་ཡོད།
 
ཡུལ་མི་ཚོས་བཤད་རྒྱུན་ལ།
ང་ཚོ་གནས་འདིར་གཏན་སྡོད་བྱེད་དགོས་ཟེར།
དབྱར་དགུན་སྟོན་དཔྱིད་རེ་རེ་ལའང་།
 
ལྷགས་རླུང་གིས་གྲང་ངར་སྦྱིན་ཚེ།
ང་ཚོས་ཁང་མིག་ཆུང་ཆུང་དེ་རུ་མེ་ཁ་སྦར་ཆོག་ལ།
ཉི་འོད་ཀྱིས་ཚ་ཟེར་འཕོས་ཚེ།
ང་ཚོས་ཁྱམས་རྭ་གྲུ་བཞི་དེ་ལས་བསིལ་རླུང་བསུས་ཆོག
 
འདི་ནི་ལྷ་ཆེན་གྱི་ཕྱག་ཟུང་གིས་བདེ་བར་འགོད་ཚུལ་ཡིན་ནམ།
ཡང་ན་།  འཆི་ཁ་མའི་སྔོན་གྱི་ངལ་གསོ་ཐེངས་དེ་ཡིན།
 
གང་ལྟར་མིག་བཙུམས་ནས་སྤྲོ་སྐྱིད་ལ་མྱངས་ཚེ།
ཆ་མ་འཚལ་བའི་འཇིགས་སྐྲག་གི་མུན་པའི་ཕུང་བོ།
ཁང་མིག་ཆུང་ཆུང་འདིའི་ཕྱོགས་བཞི་མཚམས་བརྒྱད་ནས་རིབ་ཡོང་།
                         ༢༠༡༢/༩/༡༥

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།