རླུང་གིས་སྒུལ་བ།


ཆར་ཐིགས་ཁ་ཤས
ས་སྲོས་ཀྱི་གཞུང་དུ་ཟགས
དོ་ནུབ་ཀྱི་ས་སྲོས 
སུ་ཞིག་གི་གྲིབ་མ་ཡིན་ནམ
དུས་ཚོད་དང་མེ་ལོང་གི་མདུན་དུ
ང་ལ་བདམས་ཀ་གཞན་མི་འདུག

ང་རང  རླུང་གིས་སྒུལ་བཞིན་ཡོད
དུས་གསུམ་གྱི་རླུང  ཡང་ཞིང་མཉེན་པས
རྡོ་བའི་ཨུ་ཚུགས་ཀྱིས་མི་ཐེགས
རླུང་གི་རྐང་རྗེས་ན
དུས་གསུམ་གྱི་རྣམ་བཞག་གསལ
དེ་བས  ངས་རང་ཉིད་རླུང་ལ་བཅོལ་ཟིན
 
ངས  རང་གི་དཀར་གཙང་གི་དྲན་པ
ཤོག་བུ་རུ་སྤྱད་ནས
རི་མོ་ཞིག་བྲིས
ན་ཚོད་དང་རྨི་ལམ་མཚོན་པའི་རི་མོ་ཞིག་བྲིས
 
འོན་ཀྱང  རི་མོ་དེ  རླུང་གིས་མི་རེག་པའི
མཁའ་དབུགས་ཀྱིས་མི་ཟིན་པའི
སེམས་ཕུག་ཏུ་ཉར་རྗེས
ང་རང  དུས་ཚོད་ཀྱི་མདུན་དུ་མཆོང་དེ
ངས  རང་ཉིད་ལ་ལྕེབས་ཐག་བསྐོན་ཐུབ་མ་སོང
 
2012.9.19
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རླུང་གིས་སྒུལ་བ།

2012-09-29 མ་ཎི་དོན་གྲུབ། ཀློག་གྲངས། མཆན ཡོད།


ཆར་ཐིགས་ཁ་ཤས
ས་སྲོས་ཀྱི་གཞུང་དུ་ཟགས
དོ་ནུབ་ཀྱི་ས་སྲོས 
སུ་ཞིག་གི་གྲིབ་མ་ཡིན་ནམ
དུས་ཚོད་དང་མེ་ལོང་གི་མདུན་དུ
ང་ལ་བདམས་ཀ་གཞན་མི་འདུག

ང་རང  རླུང་གིས་སྒུལ་བཞིན་ཡོད
དུས་གསུམ་གྱི་རླུང  ཡང་ཞིང་མཉེན་པས
རྡོ་བའི་ཨུ་ཚུགས་ཀྱིས་མི་ཐེགས
རླུང་གི་རྐང་རྗེས་ན
དུས་གསུམ་གྱི་རྣམ་བཞག་གསལ
དེ་བས  ངས་རང་ཉིད་རླུང་ལ་བཅོལ་ཟིན
 
ངས  རང་གི་དཀར་གཙང་གི་དྲན་པ
ཤོག་བུ་རུ་སྤྱད་ནས
རི་མོ་ཞིག་བྲིས
ན་ཚོད་དང་རྨི་ལམ་མཚོན་པའི་རི་མོ་ཞིག་བྲིས
 
འོན་ཀྱང  རི་མོ་དེ  རླུང་གིས་མི་རེག་པའི
མཁའ་དབུགས་ཀྱིས་མི་ཟིན་པའི
སེམས་ཕུག་ཏུ་ཉར་རྗེས
ང་རང  དུས་ཚོད་ཀྱི་མདུན་དུ་མཆོང་དེ
ངས  རང་ཉིད་ལ་ལྕེབས་ཐག་བསྐོན་ཐུབ་མ་སོང
 
2012.9.19
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།