གྲུ་གཟིངས།

མི་རྐང་གླིང་བུ།༼མཚོ་ལྷོ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-09-16

               ____དགེ་རྒན་དུས་ཆེན་ལ་ཕུལ་བ།

དོན་ངོ་མས་རྒྱ་མཚོའི་ཕ་རོལ་དེ
རང་ཉིད་འཆར་བྱེད་ཀྱི་མེ་ལོང་སྒོར་སྒོར་དེ་ཡིན
བྱེ་མའི་རྦ་རླབས་དང་དེའི་ཁོག་ཏུ་སྦས་པའི་མེ་ཏོག་གི་ཚེར་མས
ཉི་འོད་སྒུམ་གྱིན་པའི་གཞོན་ནུ་དེ་ཚོའི་བརྣོ་བསམ་ལ
རང་ཉིད་དང་འཚམ་པའི་འགྲེལ་བཤད་དག་མེ་རུ་སྒྲོན་སྲིད་པས
ཆོས་ཉིད་དེ་ང་ཚོའི་རྟོག་པའི་ལག་མཐིལ་དུ་བབས་ཡོད
 
རྒྱ་མཚོའི་ཐིགས་པ་རེ་རེ་མཚན་མོའི་མུན་པ་ལ་བབས
རླུང་གི་གཤོག་པ་ཐོགས་པའི་གྲུ་གཟིངས་ཁ་རུ་སྐྱོམ
ལུས་ཀྱི་ཁྲག་ཐིགས་ཟིལ་བ་ཟིལ་བར་གྱུར་ཞིང
ཉི་འོད་འཚོ་སའི་གར་སྟེགས་གྲོག་མ་ཚུན་ཆུད་ལའང་དབང་བར་བྱས་པས
ངའི་རྩྭ་ཐང་ལ་དཀོན་མཆོག་དང་དཀོན་མཆོག་གི་ལག་པ་ཐོགས་འདུག
 
                      ༢༠༡༢  ༩  ༧ གྱི་དགོང་མོར།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲུ་གཟིངས།

2012-09-16 མི་རྐང་གླིང་བུ།༼མཚོ་ལྷོ༽ ཀློག་གྲངས། མཆན ཡོད།

               ____དགེ་རྒན་དུས་ཆེན་ལ་ཕུལ་བ།

དོན་ངོ་མས་རྒྱ་མཚོའི་ཕ་རོལ་དེ
རང་ཉིད་འཆར་བྱེད་ཀྱི་མེ་ལོང་སྒོར་སྒོར་དེ་ཡིན
བྱེ་མའི་རྦ་རླབས་དང་དེའི་ཁོག་ཏུ་སྦས་པའི་མེ་ཏོག་གི་ཚེར་མས
ཉི་འོད་སྒུམ་གྱིན་པའི་གཞོན་ནུ་དེ་ཚོའི་བརྣོ་བསམ་ལ
རང་ཉིད་དང་འཚམ་པའི་འགྲེལ་བཤད་དག་མེ་རུ་སྒྲོན་སྲིད་པས
ཆོས་ཉིད་དེ་ང་ཚོའི་རྟོག་པའི་ལག་མཐིལ་དུ་བབས་ཡོད
 
རྒྱ་མཚོའི་ཐིགས་པ་རེ་རེ་མཚན་མོའི་མུན་པ་ལ་བབས
རླུང་གི་གཤོག་པ་ཐོགས་པའི་གྲུ་གཟིངས་ཁ་རུ་སྐྱོམ
ལུས་ཀྱི་ཁྲག་ཐིགས་ཟིལ་བ་ཟིལ་བར་གྱུར་ཞིང
ཉི་འོད་འཚོ་སའི་གར་སྟེགས་གྲོག་མ་ཚུན་ཆུད་ལའང་དབང་བར་བྱས་པས
ངའི་རྩྭ་ཐང་ལ་དཀོན་མཆོག་དང་དཀོན་མཆོག་གི་ལག་པ་ཐོགས་འདུག
 
                      ༢༠༡༢  ༩  ༧ གྱི་དགོང་མོར།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།