ལྷ་བྱམས་པ། དོ་དགུང་ངས་སྙན་ངག་འབྲི་བཞིན་ཡོད།

དཀར་ལུང་པདྨ་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-09-11


རབ་རིབ་ཀྱི་མུན་པ   ཟླ་ངོགས་ལ་འཐིམས་པའི་སྟོན་མཇུག་གི་མཚན་མོ་འདིར
ངས་སྙན་ངག་འབྲི་བཞིན་ཡོད
པོ་ཏ་ལའི་ཐེམ་སྐས་སྟེང་གནས་པའི་ཞབས་རྗེས་དག་སེམས་སུ་འཆར་བཞིན
མེས་པོ་ཚོའི་གཏམ་རྒྱུད ་དུ་གྲུབ་པའི་འདས་སོང་དག་ཡིད་དུ་སྒོམ་བཞིན
དབྱངས་ཅན་མའི་མགྲིན་པ་ལས་ཐོན་པའི་འགྱུར་ཁུགས་དག་ངག་ལ་རོལ་བཞིན
ངས    སེམས་ཀྱིས་སྙན་ངག་འབྲི་བཞིན་ཡོད      ལྷ་བྱམས་པ
སྙན་ངག་ལས         ད་དུང   
ཡར་ཀླུང་གི་གཙང་བོའི་ངོགས ་སུ
རང་དབང་གི་ཉ་མོའི་ཚོགས     རྩལ་གྱིས་རྐྱལ་བཞིན་པ་བྲིས་ཡོད་ལ
གདོད་མ་ཡི་ནགས་ཚལ་དེ་རུ
སྤྲེའུ་སྲིན་གྱི་རིགས་ནི      རང་དགར་དུ་རྩེན་པའང་བྲིས་ཡོད

དོ་དགུང་   ངས  འཇིག་རྟེན་གྱི་ཆེས་མཐོ་ས་ཞིག་ནས
དུང་ཟླ་ལས་འཕྲོས་པའི་འོད་སྣང་དང་བསྡོངས་ཏེ    སྙན་ངག་འབྲི་བཞིན་ཡོད
ཁ་སང་གི་སྦྲ་ནག་ལས་མཆེད་པའི་མར་རྩམ་གྱི་དྲི་མ་དེར་རོ་མྱོང་བྱེད་བཞིན
དགོ་དགོའི་བཞོ་དབྱངས་ལས་མཆེད་པའི་འཚེར་ས་སྣུམ་པོ་དེ་སེམས་སུ་ཉརབཞིན
སེམས་པ་ཁེར་རྐྱང་ལ་སྦྲུམ་པའི་དངན་པ་རིང་མོ་དེ་ཧེབ་ཀྱིས་ལེན་བཞིན
ངས  སྙན་ངག་འབྲི་བཞིན་ཡོད    ལྷ་བྱམས་པ
སྙན་ངག་ལས    ད་དུང
སྤང་ཐང་དུ་རྩེན་པའི་ཤ་རྐྱ་ཡུ་མོ་དེ་བྲིས་ཡོད་ལ
སྙན་ངག་ལས     ད་དུང
འཚེར་ཤུལ་དུ་ལུས་པའི་ཁྱི་རྒན་ནག་ལྡང་དེའང་བྲིས་ཡོད

སྣུམ་ཞགས་ཀྱི་འོད་སྣང་ལ་བརྟེན་ནས    
དོ་དགུང་   ངས་སྙན་ངག་འབྲི་བཞིན་ཡོད
གྲོ་ཞིང་རྣང་མའི་ཁྲོད་ཀྱི་མཛེས་སྡུག་གི་བུ་མོ་དེ་དྲན་བཞིན
ལ་གླུ་འགྱུར་ཁུགས་སུ་དྲངས་པའི་གདངས་དབྱངས་དེར་རྣ་བས་ཉན་བཞིན
ངས་སེམས་ཀྱིས་སྙན་ངག་འབྲི་བཞིན་ཡོད    ལྷ་བྱམས་པ
སྙན་ངག་ལས    ད་དུང
མཐོན་པོའི་རི་མགོ་རུ་གནས་པའི་
ལབ་ཙེ་དེ་ཟད་ཀྱིན་པ་བྲིས་ཡོད
དམའ་མོའི་གཞོང་ཁུག་དུ་རྒྱུགས་པའི
རྟ་མཆོག་གི་རྨུག་སྒྲ       ཡལ་བཞིན་པའང་བྲིས་ཡོད

ལྷ་བྱམས་པ  དོ་དགུང་ངས་སྙན་ངག་འབྲི་བཞིན་ཡོད
སྙན་ངག་ལས  ད་དུང
........................

                                  ༢༠༡༢ལོའི་ཟླ་༩པའི་ཚེས༣དགུང་མོར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་བྱམས་པ། དོ་དགུང་ངས་སྙན་ངག་འབྲི་བཞིན་ཡོད།

2012-09-11 དཀར་ལུང་པདྨ་རྡོ་རྗེ། ཀློག་གྲངས། མཆན ཡོད།


རབ་རིབ་ཀྱི་མུན་པ   ཟླ་ངོགས་ལ་འཐིམས་པའི་སྟོན་མཇུག་གི་མཚན་མོ་འདིར
ངས་སྙན་ངག་འབྲི་བཞིན་ཡོད
པོ་ཏ་ལའི་ཐེམ་སྐས་སྟེང་གནས་པའི་ཞབས་རྗེས་དག་སེམས་སུ་འཆར་བཞིན
མེས་པོ་ཚོའི་གཏམ་རྒྱུད ་དུ་གྲུབ་པའི་འདས་སོང་དག་ཡིད་དུ་སྒོམ་བཞིན
དབྱངས་ཅན་མའི་མགྲིན་པ་ལས་ཐོན་པའི་འགྱུར་ཁུགས་དག་ངག་ལ་རོལ་བཞིན
ངས    སེམས་ཀྱིས་སྙན་ངག་འབྲི་བཞིན་ཡོད      ལྷ་བྱམས་པ
སྙན་ངག་ལས         ད་དུང   
ཡར་ཀླུང་གི་གཙང་བོའི་ངོགས ་སུ
རང་དབང་གི་ཉ་མོའི་ཚོགས     རྩལ་གྱིས་རྐྱལ་བཞིན་པ་བྲིས་ཡོད་ལ
གདོད་མ་ཡི་ནགས་ཚལ་དེ་རུ
སྤྲེའུ་སྲིན་གྱི་རིགས་ནི      རང་དགར་དུ་རྩེན་པའང་བྲིས་ཡོད

དོ་དགུང་   ངས  འཇིག་རྟེན་གྱི་ཆེས་མཐོ་ས་ཞིག་ནས
དུང་ཟླ་ལས་འཕྲོས་པའི་འོད་སྣང་དང་བསྡོངས་ཏེ    སྙན་ངག་འབྲི་བཞིན་ཡོད
ཁ་སང་གི་སྦྲ་ནག་ལས་མཆེད་པའི་མར་རྩམ་གྱི་དྲི་མ་དེར་རོ་མྱོང་བྱེད་བཞིན
དགོ་དགོའི་བཞོ་དབྱངས་ལས་མཆེད་པའི་འཚེར་ས་སྣུམ་པོ་དེ་སེམས་སུ་ཉརབཞིན
སེམས་པ་ཁེར་རྐྱང་ལ་སྦྲུམ་པའི་དངན་པ་རིང་མོ་དེ་ཧེབ་ཀྱིས་ལེན་བཞིན
ངས  སྙན་ངག་འབྲི་བཞིན་ཡོད    ལྷ་བྱམས་པ
སྙན་ངག་ལས    ད་དུང
སྤང་ཐང་དུ་རྩེན་པའི་ཤ་རྐྱ་ཡུ་མོ་དེ་བྲིས་ཡོད་ལ
སྙན་ངག་ལས     ད་དུང
འཚེར་ཤུལ་དུ་ལུས་པའི་ཁྱི་རྒན་ནག་ལྡང་དེའང་བྲིས་ཡོད

སྣུམ་ཞགས་ཀྱི་འོད་སྣང་ལ་བརྟེན་ནས    
དོ་དགུང་   ངས་སྙན་ངག་འབྲི་བཞིན་ཡོད
གྲོ་ཞིང་རྣང་མའི་ཁྲོད་ཀྱི་མཛེས་སྡུག་གི་བུ་མོ་དེ་དྲན་བཞིན
ལ་གླུ་འགྱུར་ཁུགས་སུ་དྲངས་པའི་གདངས་དབྱངས་དེར་རྣ་བས་ཉན་བཞིན
ངས་སེམས་ཀྱིས་སྙན་ངག་འབྲི་བཞིན་ཡོད    ལྷ་བྱམས་པ
སྙན་ངག་ལས    ད་དུང
མཐོན་པོའི་རི་མགོ་རུ་གནས་པའི་
ལབ་ཙེ་དེ་ཟད་ཀྱིན་པ་བྲིས་ཡོད
དམའ་མོའི་གཞོང་ཁུག་དུ་རྒྱུགས་པའི
རྟ་མཆོག་གི་རྨུག་སྒྲ       ཡལ་བཞིན་པའང་བྲིས་ཡོད

ལྷ་བྱམས་པ  དོ་དགུང་ངས་སྙན་ངག་འབྲི་བཞིན་ཡོད
སྙན་ངག་ལས  ད་དུང
........................

                                  ༢༠༡༢ལོའི་ཟླ་༩པའི་ཚེས༣དགུང་མོར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།