བཤེས་གཉེན་ལགས། སེམས་ཀྱི་ཉི་མ་སེར་བོ།

སྙན་བཟང་པདྨ་རིན་ཆེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-09-10

         ___སྐབས་ཉེར་བརྒྱད་པའི་དགེ་རྒན་དུས་སྟོན་ལ་ཕུལ།

ཀྱེ་ཀྱེ། གསོན་དང་།   
འགྲོ་བ་རིགས་དྲུག་གི་བདག་ཉིད་ཅན་སྟེ།
མི། ལྷ། ལྷ་མ་ཡིན ། དམྱལ་བ། ཡི་དྭགས། དུད་འགྲོ།
ཨ་ཨ། མངོན་བྱུང་ཡ།
འངྲེན་བྱེད་ཀྱི་ལམ་དུ་རྒྱུ་བྱུང་།
 ང་ཚོ་ལ་སྨྲ་ཤེས་ཤིང་དོན་གོ་བའི་མིའི་མཚན་ཉིད་ཚང་བ་ཡིན་ན །
སོམས་དང་།
འཇིག་རྟེན་འདིའི་བདག་ཉིད་སུ་ཞིག་ཡིན་འདུག

རེད་ལགས།
དེ་ནི ། ང་ཚོ་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་མིའི་རིགས་ཀྱི་བླ་སྲོག་ བསྐྲུན་མཁན་སྟེ།
སེམས་ཀྱི་བཤེས་གཉེན་མ་ཡིན་ནམ།
ང་ཚོས་ཕྱིར་དྲན་རེ་བྱས་ན ། ཁོང་རྣམས་པའི་བཀའ་དྲིན་ནི་རིའི་རྒྱལ་བོ་རི་རབ་ ལས་ཀྱང་གཏོས་ཆེ་ལ།
ཁོང་རྣམས་པའི་བརྩེ་བ་ནི་ཁ་འབབ་རྣམ་བཞི་ལས་ཀྱང་ཆེ་འདུག་ཨང་།

བཀའ་དྲིན་ཆེ། བཤེས་གཉེན་དམ་པ།
དྲིན་གྱིས་སྐྱོངས། སྙིང་གི་ནོར།
ཟླ་དགུ་བའི་བསིལ་རླུང་དང་འགྲོགས་ནས་སླེབས་བྱུང་བ་ནི ། ཁྱོད་ལ་ཐོབ་ཏུ་འོས་ པའི་ཉིན་མོ་སྟེ། དགེ་རྒན་དུས་སྟོན།
འཕྲོད་སྦྱོར་ལེགས། དེ་རིང་བཀྲ་ཤིས་པའི་ཉི་མ།
རྟེན་འབྲེལ་འགྲིག  དེ་རིང་དོན་འགྲུབ་པའི་ཉི་མ།
དགྱེས་འཛོམས་ཆེ།  དེ་རིང་སྤྲོ་དགའི་བཟི།

ཨེ་མ། བསྟད་བྱུང་ཡ།  བཤེས་གཉེན་ལགས།
ཟླ་དགུ་བ། གསེར་མདོག་གི་དུས་ཚིགས་ཤིག
ཟླ་དགུ་བ། དྲོད་འཁོལ་གྱི་དུས་ཚིགས་ཤིག
ཟླ་དགུ་བ། སྣ་བརྒྱའི་མེ་ཏོག་གི་དུས་ཚིགས་ཤིག
ཟླ་དགུ་བ། འབྲས་ལྡན་ཁུར་གྱིས་ལྕི་བའི་དུས་ཚིགས་ཤིག
སྟོན་རླུང་གི་བསུ་བ་དང་ལྷན་དུ ། དེ་རིང་ང་ཚོས་རང་བྱུང་ཁམས་ཆེན་མོ་ནས།
ཡིད་ངོར་འཕྲོད་པའི་མེ་ཏོག་ཅིག་དགེ་རྒན་ལ་འབུལ།
སྤྲོ་སྣང་གི་འཛུམ་བརྒྱ་འདི་དགེ་རྒན་ལ་སྟོན།

བདེན་པར་གྲུབ། བཤེས་གཉེན་ལགས།
སུ་ཞིག་གིས་རྨོངས་མུན་ཁྲོད་ལུས་པའི་ང་རང་ལ་དཀར་གསལ་གྱི་དུང་ཟླ་བསྩལ།
ཐེ་ཚོམ་མེད། བཤེས་གཉེན་ལགས།
སུ་ཞིག་གིས་ངའི་གསེར་མདོག་གི་སྟོན་ལྗོངས་ལ་ལོ་ལེགས་ཀྱི་འབྲས་བུ་གནང་།
ངོ་སོ་བསྟོད། བཤེས་གཉེན་ལགས།
སུ་ཞིག་གིས་ངའི་ལང་ཚོ་ལ་མཚར་སྡུག་གི་གཟི་དཔལ་བསྐྲུན །
ཡིན་ཏེ། དེ་ནི་ཁྱོད་རང་སྟེ།
གཞན་དོན་དུ་རང་བློས་གཏོང་ཕོད་པའི་ཁྱོད་རང་སྟེ།
ངའི་སྙིང་དབུས་ན་ལམ་ལམ་འཚེར་བའི་གསེར་མདོག་གི་ཉི་མ་སེར་པོ་སྟེ།
བཤེས་གཉེན་ལགས།

བསྔགས་འདོད་དོ། བཤེས་གཉེན་ལགས།
 ཆེས་སྤྱིར་བཏང་གི་ལྭ་བ་གྱོན་སྟངས་དེས། ང་ཚོས་ཁྱོད་ཀྱི་བླ་ན་མཐོ་བའི་མི་གཤིས་དེ་སློབ་དགོས་པ་ཚོར་བྱུང་ལ།
ཁྱོད་ཀྱི་བྱམས་བརྩེ་ཡི་མིག་མདངས་མཛེས་པོ་དེས་ང་ཚོ་ལ་ཕུགས་འདུན་དང་ བརྩེ་སེམས་གནང་བྱུང་།
ཆེས་ཆུང་བའི་ས་སྨྱུག་རྐང་རེ་རེ་སྦྱངས་བྱང་གི་ངོས་ལ་བསྒྱུར་ཐེངས་རེ་རེར །
ཁྱོད་ཀྱིས་རང་གི་ཐུགས་མཛོད་དུ་གཏམས་པའི་རིན་བྲལ་གྱི་ཤེས་བྱའི་ཟེགས་མ།
ང་ཚོ་སྟེ། ཉམས་ཐག་གི་སློབ་བུ་དག་ལ་འཕངས་མེད་དུ་སྦྱིན་པ་ངོ་མཚར་ཆེ།
བསྐལ་བརྒྱར་བཞུགས་ལགས། སེམས་ཀྱི་ཉི་མ་སེར་པོ།

རེད་ལགས། དགེ་བའི་བཤེས་གཉེན་ཚོ།
བཀའ་དྲིན་ཆེ།
ཁྱོད་ཀྱིས་ང་ཚོ་ལ་གཟེངས་བསྟོད་ཀྱི་མཐེ་བོང་ཀེར་ཐེངས་རེ་རེ་ལས།
ང་ཚོ་སྤྲོ་དགའི་ངང་འཚར་ལོངས་བྱུང་ལ།
ཁྱོད་ཀྱིས་ང་ཚོ་ལ་སྐྱོན་བརྗོད་ཀྱི་སློབ་གསོ་གཏོང་ཐེངས་རེ་རེ་ལས།
ང་ཚོས་རང་ཉིད་ལ་ལེགས་བཅོས་གཏོང་བའི་འབོད་སྐུལ་བསྒྲགས།

བསླབ་གཞི་བཅོས་བསྒྱུར་དང་བསྟུན་ནས།
ཁྱོད་ལའང་ཁོམ་ལོང་མེད་པར་ཁུར་དུ་ལྕི་བའི་འགན་འཁྲིའི་འོག
རླབས་ཆེ་བའི་མི་རིགས་འདིས་ཆེད་དུ། སྐྱོང་དགོས་པའི་རྗེས་རབས་འདིའི་སླད་དུ།
སློབ་ཁྲིད་གྲ་སྒྲིག་ལ་བྲེལ་འདུག་པ་ང་ཚོས་ཀྱང་ཚོར་ཡོད། བཤེས་གཉེན་ལགས།

བདེན་དེ། བསླབ་གཞི་གསར་བ་དང་། བསླབ་ཚན་གསར་བ་སློབ་ཁྲིད་གནང་ དགོས་པའི་དུས་བབ་ཁྲོད།
ཁྱོད་ལ་བྲེལ་བྲེལ་འཚུབ་འཚུབ་ཀྱི་ལས་བསྐལ་ཞིག་འཐོབ་འདུག་པ་སྙིང་རེ་རྗེ།
བཤེས་གཉེན་ལགས།
སྤྱི་ཚོགས་ཀྱི་ལས་རིགས་སྣ་མང་ཁྲོད ། རླབས་ཆེ་བའི་དགེ་རྒན་གྱི་ཕྱག་ལས་གནང་ མཁན་ངོ་མཚར་ཆེ། སེམས་ཀྱི་ཉི་མ་སེར་པོ།

སློབ་གསོ་དེང་རབས་ཅན་དང་། མ་འོངས་པ། འཛམ་གླིང་ལ་ཁ་ཕྱོགས་པའི་ དུས་རབས་འདིས་ཚད་མཐོ་ས་ནས།
ཁྱོད་རང་གློག་ཀླད་དང་དྲ་རྒྱར་འགྲོགས་ནས།
ང་ཚོ་ལ་དུས་རབས་གསར་བའི་ངོ་མཚར་གྱི་གཏམ་རྒྱུད་འཆད་པ།
ང་ཚོ་བུ་སློབ་དག་གི་སྙིང་ལ་ཉར་ནས། སེམས་ཀྱིས་བསྒོམས་ཡོད།

བདག་ཉིད་ལགས། ཨོ་བརྒྱལ་ཆེ།
ཐོབ་ཏུ་རེ་བའི་དགེ་རྒན་གྱི་དུས་སྟོན་འདི་ཉིན་གཅིག་ལས་མེད་ཀྱང་།
ཁྱོད་ཀྱིས་བཞག་པའི་བླ་མེད་ཀྱི་མཛད་རྗེས་དག
ང་ཚོའི་སེམས་ན་བསྐལ་བརྒྱར་བརྟན།
དེ་རིང་གནམ་ལ་གཟའ་སྐར་གྱི་འཕྲོད་སྦྱོར་ལེགས་ཤིང་། ས་ལ་དགྱེས་འཛོམས་ཀྱི་ ཡོ་ལང་རྒོད་པའི་དགེ་རྒན་དུས་སྟོན་ལ།
ཁྱོད་ཀྱིས་ཚེ་བསོད་རླུང་རྟ་དར་བའི་བཀྲ་ཤིས་འཇོག

ཟླ་དགུ་བའི་གླུ་སྐད་སྙན་མོ་འདི་དགེ་རྒན་གྱི་ལེགས་སྐྱེས་ཡིན་ལ།
ཟླ་དགུ་བའི་མཛེས་སྡུག་ངོ་མ་འདི་དགེ་རྒན་གྱི་ལང་ཚོ་ཡིན།
ཟླ་དགུ་བའི་འབྲས་བཟང་ལྕི་མོ་འདི་དགེ་རྒན་གྱི་གྲུབ་འབྲས་ཡིན་ལ།
ཟླ་དགུ་བའི་དྲོད་འཇམ་བསིལ་རླུང་འདི་དགེ་རྒན་གྱི་བྱམས་བརྩེ་ཡིན།
བཀུར་དུ་འོས། ངེས་དོན་གྱི་རིག་པའི་དཔའ་བོ།

ང་ཚོས་བརྗེད་མི་སྲིད་པ་ནི་ཁྱོད་ཀྱི་ཉིན་མཚན་དུས་དྲུག་གི་གཟུགས་གཞི་སྟེ།
ཁྲིད་སྟེགས་སྟེང་གི་ཉམས་འགྱུར། གློག་སྒྲོན་འོག་གི་སྣང་བརྙན། ཚ་བའི་ཁྲོད་ཀྱི་ རྔུལ་ཆུ། གྲང་ངར་ཁྲོད་ཀྱི་དཀའ་སྡུག
ད་དུང་་་་་་་་་་་་
བརྗོད་མི་ཚར་བའི་ཁྱོད་ཀྱི་མཛད་རྗེས་རེ་རེ།
ང་ཚོས་སེམས་ཀྱི་གཏིང་རིམ་ལ་ཉར་ཡོད་ཡ་་་་་་་་་་་་་ བླ་སྲོག་གི་བདག་པོ།

དགེ་རྒན་ལགས།
དེ་རིང་ང་ཚོས་རྟེན་འབྲེལ་གྱི་ལྷ་དར་དཀར་པོ་ཁྱོད་ལ་འཐེན།
འདི་ནི་ང་ཚོ་སློབ་བུ་དག་གི་སེམས་ཀྱི་རང་མདངས་ཡིན།
སློབ་དཔོན་ལགས།
དེ་རིང་ང་ཚོས་དགའ་སྤྲོ་ཡི་གླུ་གཞས་ཁྱོད་ལ་ལེན །
འདི་ནི་ང་ཚོས་སློབ་བུ་དག་གི་དགའ་བའི་གླུ་དབྱངས་ཡིན།
བཤེས་གཉེན་ལགས།
དེ་རིང་ང་ཚོས་སྨོན་ཚིག་གི་འབོད་པ་ཁྱོད་ལ་གཏོང་།
འདི་ནི་ང་ཚོ་སློབ་བུ་དག་གི་ཁྱོད་ལ་ཕུལ་བའི་དུས་སྟོན་གྱི་ལེགས་སྐྱེས་ཡིན།
དགེ་རྒན་ལགས། ཁྱོད་ཀྱིས་འབྱུང་གཞི་རྟག་ཏུ་བདེ་ཞིང་།
ཚེ་རིང་ལོ་བརྒྱར་བཞུགས་པའི་སྨོན་འདུན་ཞུ།
འདི་ནི་ང་ཚོས་སེམས་ལ་ཉར་བའི་ལྷག་བསམ་གྱི་མཆོད་པ་ཡིན །
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བཤེས་གཉེན་ལགས། སེམས་ཀྱི་ཉི་མ་སེར་བོ།

2012-09-10 སྙན་བཟང་པདྨ་རིན་ཆེན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།