བདག་གི་མེས་པོ་གང་ན་བཞུགས།

རི་འཚེར་དབང་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-09-06

འབྲོང་གི་རྭ་རྩེར་ཞོན་ཏེ་རྒྱ་མཚོའི་མཐའ་ལ་ཞོགས་སོང་།
གཞུ་མོ་ནང་ལ་བཀུག་ནས་མདའ་མོ་རྒྱང་ལ་འཕངས་སོང་།

ལོ་འདི་དག་གི་རྗེས་སུ།  ཆར་ཞོད་ཀྱི་མིག་ཆུ་མེད་པའི་མུ་མེད་ཀྱི་མྱ་ངན་ཐང་གླེང་ཞོར།
ཁྱོད་དང་ཁ་འབྲལ་ཐབས་མེད་པའི་ཡར་སྔོན་གྱི་ལོ་ཟླ་ཞིག་གླེང་ནས་འོང་།

ལོ་ཟླ་འཕུར་ཤུལ་དུ    ཉི་མ་བཞུར་ཤུལ་དུ།
བདག་རྒྱ་མཚོའི་ཉེ་ངོགས་སུ་མཆོད་རྟེན་ལྟར་ཀེར་གྱིས་བསྒྲེང་ཏེ།
རི་ཆེན་གྱི་བརྒྱབ་ནས་མེ་ཏོག་གི་ར་བསྐོར་ཞིག་ཅིས་ཀྱང་བརྒྱག་དགོས་བྱུང་།

རླུང་གི་ལག་པས་བར་སྣང་གི་ནམ་མཁའ་སྒུལ་ཙམ་བྱས་ཏེ་
ས་གཞི་དང་འབྲེལ་བ་ཡོད་པའི་རྟ་མཆོག་གི་ཁྱུ་ཞིག་འདི་ལྟར་ཆས་འོང་།

མི་ལོ་དུ་མའི་རིང་གི་ང་ཚོ་ལ་ཤེལ་གྱི་མཆོད་རྟེན་ཞིག་བཞེངས་ཡོད།
ལོ་རྒྱུས་ཀྱི་གདོང་དང་འབྲེལ་བའི་སློང་གཟེད་ཞིག་ལ་་འདི་ལྟར་བཀུར་བ་ནས་བཟུང་།
རུས་རྐང་གི་སྦུབས་སུ་འཚང་བའི་ནང་སེམས་ཀྱི་དད་འདུན་དེའང་ཁད་ཀྱིས་ཞི་བར་གྱུར།

མཐོ་སྒང་ན་ང་ཚོའི་མེས་བོ་ཚོའི་བླ་སྲོག་སྦས་ཡོད།
དུས་ཀྱི་མུན་ནག་གི་སྒལ་ཚིགས་སྟེང་ན།
བཀླག་མ་ཚར་བའི་ཡིག་འབྲུ་ཁྲི་སྟོང་གི་ནང་སྙིང་སློགས་ནས་ཁྱོད་ལ་སྒུག་ཡོད།

ས་འཛིན་གྱི་བཀྲག་མདངས་ཁ་རོག་གེར་གཞན་དབང་དུ་ཚུད་དུས།
ང་ཚོས་བོར་སོང་བ་དག་ཕྱེ་མ་ལེབ་ཅིག་གི་གཤོག་འགྱུར་དང་འདྲ་བར།
སྐྱེད་ཚལ་གྱི་ཕྱི་ནང་ཀུན་ནས་ལྐོག་སིབ་ཀྱི་འགྲེལ་བཤད་ཅི་ལྟར་བྱས་ནའང་།
འདི་ནི་དུས་ཚིགས་ཤིག་གི་རྫོགས་མཐའ་བྲལ་བའི།
མི་ཡུལ་གྱི་ཆེས་མཛེས་སྡུག་གི་ལོངས་སྤྱོད་ཅིག་རེད།

སྡུག་ཡུས་ལ་གཤོག་པ་ཐོགས་པའི་སྔ་རོལ་དུ།
ངས་སྨིན་མ་ཟིན་པའི་སྟོན་འབྲས་ཀྱི་ཁ་དོག་ལ་ལག་སྙོབ་བྱེད་བཞིན།
སྙིང་ཉེ་བའི་བྱིའུ་ཚོགས་ཀྱི་རྟེན་གནས་གཞན་ལ་སྤོ་བཞིན།
གཞལ་དཀའ་བའི་ཕམ་ཁའི་ངན་འབྲས་དེ་སུ་ལ་བྱིན་སོང་ངམ།

རོལ་དབྱངས་ཤིག་གི་མཇུག་མཐའི་ལེའུ་ནང་དུ།
མི་ཞིག་གི་རྐང་ལག་ཡོད་ཚད་འགུལ་གྱིན་འགུལ་གྱིན་དུ།
ཉི་འོད་ཀྱི་དྲོད་ཁོལ་བཙལ་བཞིན་ཚུར་ཡོང་གིན་འདུག
འདི་ནི་ངས་ད་བར་དུ་ཁྱེད་ཅག་ལ་ཞུ་མ་ཕོད་པའི་ནང་སྙིང་གི་འགྲེལ་བཤད་ཐེངས་ཤིག་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གི་མེས་པོ་གང་ན་བཞུགས།

2012-09-06 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།