ནམ་གུང་གི་ཁེར་ལབ།
གནམ་འོག་ཆེན་པོ་འདིར
འདྲ་མཉམ་གྱི་ཁེ་དབང་ཅི་ཙམ་ཡོད་ཆོག་པ
རང་སེམས་དམར་པོ་ལས གཞན་སུ་ཞིག་གིས་གླེང་མྱོང
ས་རྡུལ་ཆགས་པའི་ལོ་རྒྱུས་ཀྱི་ངོ་གདོང
ཁ་རོག་གེར མེས་པོའི་བང་སོར་བརྩིགས་ཤིང
སླར སྔར་སོང་གི་ལོ་ཟླའི་རྐང་རྗེས་འཐུ་བཞིན
བོར་ཟིན་པའི་ཁ་སང་གི་རེ་འདུན་ཁྲི་ཕྲག
དེ་རིང་གི་དྲན་པའི་གཏིང་རིམ་ལ་བྲིས་ཚེ
བར་སྟོང་དེ ཁྱེད་དང་ང་ཡི་མཛའ་སེམས་ཀྱི་ཕྱི་ཐག་རེད
བླ་སྲོག་གི་མཛུབ་རྩེ རང་དབང་གི་ནམ་མཁར་ཀེར་ན
ཕྲག་དོག་གི་མིག་རྩ་དམར་པོ
ཤ་འཁོན་གྱི་ཁྲག་ལ་རྔམ་ཞིང
རང་དབང་གི་གཡུལ་སར ཡོད་ཚད་འཇིག་ཡེར་ཡེར
རང་ཉིད་མ་ཚོར་བའི་ཁེར་རྐྱང་གི་རྡོག་སྒྲས
དཔྲལ་བའི་སྟེང་བཀོད་པའི ལས་དབང་གི་ལམ་ཡིག་ཀློག་གིན
ལྷ་སྒྲུང་རུམ་པའི་སྦྲ་ནག་གི་སྨ་རར་བྱིལ་བྱིལ་གནང
དོ་དགོང ཕྱི་སྐམ་ནང་འཁྱག་གི་དོ་དགོང
ངའི་ཡོད་ཚད་ཀྱི་ཐམས་ཅད
སོར་མོའི་རྩེ་ནས་བཞུར་བའི་དྲན་གདུང་གི་རོལ་དབྱངས་དཀྲོལ
24/8/2012
རྩོམ་ཁུངས། ངེད་དྲ་བ།