ཁྱོད་མ་སད་སྔོན་དུ་བྲིས་པའི་སྙན་ངག


ནང་དོན་དབེན་པའི་སྒྲ་དབྱངས་དག་ལ་ཉན་ན
སྐབས་འདིར་སྙན་ངག་ཅིག་འབྲི་དོན་མེད་རུང
ཁྱེད་ཀྱིས་ང་ལ་གཏམ་རྒྱུད་ཡོད་ཚད་དེ་རིང་བཤད་མི་ཚར་ཟེར་ཞིང
མཚན་མོ་ལ་བདག་པོ་རྒྱག་དགོས་པའི་ཚུགས་ཀ་བསྟན་སོང

ཁྱེད་རང་སྙན་ངག་ཅིག་ཡིན་པའི་ཆ་ནས
ངས་ཁྱེད་རང་སྙན་ངག་ཅིག་ལྟར་བྲིས་ཆོག་མོད
སྐབས་འདིར་ཁྱེད་རང་མཚན་མོ་བཞིན་གཉིད་དུ་ཡུར་འདུག་པས
བདག་གི་སྨྲ་བ་འདི་དག་ལ་ཞེ་སྡང་གི་མིག་ཆུ་ཕུལ་མཁན་ཡོད

སྙན་ངག་འདི་ཁྱེད་ཀྱི་ཆེད་དུ་བྲིས་པ་ཡིན
བདག་གི་གྲོགས་པོས“ཁྱེད་ཀྱི་ཆེད་དུ་ཅིས་ཕྱིར་སྙན་ངག་འབྲི་དགོས་སམ”ཟེར
བདག་གིས་ཁྱེད་ལ་སྙན་ངག་ཅིག་ལས་ཅི་ཡང་འབྲི་མི་དགོས་པ་ཤེས་ཡོད
གནས་ལུགས་འདི་བདག་གིས་འཇིག་རྟེན་ལ་འགྲེལ་རྒྱུ་མིན

རླུང་བུ་གཡུག་སྟངས་འདིས
འཇིག་རྟེན་གཉིད་དུ་འཇུག་རྩིས་མེད་ན་ཡང
ཁྱེད་རང་ད་དུང་མི་སད་དོན་ཅི་ཡིན་ནམ
མཚན་མོ་འདི་ལ་ཞོགས་པ་ཞིག་མི་འདུག་རུང
ང་ཚོ་ད་དུང་རྨི་ལམ་གྱིས་ཚིམ་གྱིན་མེད

བྱ་དངོས་འགའ་ཞིག་ལ་ཞིབ་ཏུ་བསམ་བློ་བཏང་ན་དོན་སྙིང་མེད
སྙན་ངག་ཁེར་རྐྱང་མ་འདིས་མཚོན་མི་ཐུབ་པ་ཞིག་སུ་ལའང་བཤད་རྒྱུ་མེད
སྙན་ངག་འབྲི་དོན་འདི་འདྲ་ཡིན
ཁྱེད་རང་ཧུར་གྱིས་སད་ཚེ
བདག་གིས་སྙན་ངག་མ་ཡིན་པའི་ཁྱེད་ཀྱི་ངོ་གདོང་ཀྱང་བྲིས་ཆོག

བདག་ལ་ད་དུང་རི་མོ་བཞིན་འབྲི་དགོས་པའི“དོན་དག”འགའ་ཞིག་ཀྱང་ལྷག་ཡོད་་་

                                                                                                      2012 08 23  ཉིན་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་མ་སད་སྔོན་དུ་བྲིས་པའི་སྙན་ངག

2012-09-02 གཉན་པོ། ཀློག་གྲངས། མཆན ཡོད།


ནང་དོན་དབེན་པའི་སྒྲ་དབྱངས་དག་ལ་ཉན་ན
སྐབས་འདིར་སྙན་ངག་ཅིག་འབྲི་དོན་མེད་རུང
ཁྱེད་ཀྱིས་ང་ལ་གཏམ་རྒྱུད་ཡོད་ཚད་དེ་རིང་བཤད་མི་ཚར་ཟེར་ཞིང
མཚན་མོ་ལ་བདག་པོ་རྒྱག་དགོས་པའི་ཚུགས་ཀ་བསྟན་སོང

ཁྱེད་རང་སྙན་ངག་ཅིག་ཡིན་པའི་ཆ་ནས
ངས་ཁྱེད་རང་སྙན་ངག་ཅིག་ལྟར་བྲིས་ཆོག་མོད
སྐབས་འདིར་ཁྱེད་རང་མཚན་མོ་བཞིན་གཉིད་དུ་ཡུར་འདུག་པས
བདག་གི་སྨྲ་བ་འདི་དག་ལ་ཞེ་སྡང་གི་མིག་ཆུ་ཕུལ་མཁན་ཡོད

སྙན་ངག་འདི་ཁྱེད་ཀྱི་ཆེད་དུ་བྲིས་པ་ཡིན
བདག་གི་གྲོགས་པོས“ཁྱེད་ཀྱི་ཆེད་དུ་ཅིས་ཕྱིར་སྙན་ངག་འབྲི་དགོས་སམ”ཟེར
བདག་གིས་ཁྱེད་ལ་སྙན་ངག་ཅིག་ལས་ཅི་ཡང་འབྲི་མི་དགོས་པ་ཤེས་ཡོད
གནས་ལུགས་འདི་བདག་གིས་འཇིག་རྟེན་ལ་འགྲེལ་རྒྱུ་མིན

རླུང་བུ་གཡུག་སྟངས་འདིས
འཇིག་རྟེན་གཉིད་དུ་འཇུག་རྩིས་མེད་ན་ཡང
ཁྱེད་རང་ད་དུང་མི་སད་དོན་ཅི་ཡིན་ནམ
མཚན་མོ་འདི་ལ་ཞོགས་པ་ཞིག་མི་འདུག་རུང
ང་ཚོ་ད་དུང་རྨི་ལམ་གྱིས་ཚིམ་གྱིན་མེད

བྱ་དངོས་འགའ་ཞིག་ལ་ཞིབ་ཏུ་བསམ་བློ་བཏང་ན་དོན་སྙིང་མེད
སྙན་ངག་ཁེར་རྐྱང་མ་འདིས་མཚོན་མི་ཐུབ་པ་ཞིག་སུ་ལའང་བཤད་རྒྱུ་མེད
སྙན་ངག་འབྲི་དོན་འདི་འདྲ་ཡིན
ཁྱེད་རང་ཧུར་གྱིས་སད་ཚེ
བདག་གིས་སྙན་ངག་མ་ཡིན་པའི་ཁྱེད་ཀྱི་ངོ་གདོང་ཀྱང་བྲིས་ཆོག

བདག་ལ་ད་དུང་རི་མོ་བཞིན་འབྲི་དགོས་པའི“དོན་དག”འགའ་ཞིག་ཀྱང་ལྷག་ཡོད་་་

                                                                                                      2012 08 23  ཉིན་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།