ཞོགས་གླུ།


ཞོགས་པའི་མཁའ་དབྱིངས་ལ་འཁྱུད་པའི་སྤྲིན་པ་ཕོན་པོ
རི་རྩེའི་ཕྱོགས་བཞི་ན་བརྒྱུད
 
ཉི་འོད་ཀྱི་སྐྲ་ལོའི་འོད་མདངས་མོད་པོ
ཁྱུ་བྱུག་གི་གྲེ་འགྱུར་གྱིས་དཀྲོགས
 
ལྗོན་ཤིང་གི་ཡལ་གའི་སྟེང་ན
འཇོལ་མོའི་གླུ་སྐད་དང་སྤྲིན་གྱི་ན་བུན་འཐིབས
 
སྔོ་ལྗང་གི་ཁ་དོག་དག
དུས་ཚིགས་ཀྱི་དར་ཆ་རེད
 
དུད་ཚང་གི་ར་བ་ན་རླབས་ལྟར་འཕྱོ་བའི་དུ་བ
ཞོགས་པའི་མཁའ་དབྱིངས་ན
འདྲེན་བྱེད་ཀྱི་ཚོར་བ་བརྐུས་པའི་དབྱངས་ཀྱི་བདག་མོ་དེའོ
 
ལྷུང་ལྷུང་དུ་འབབ་པའི་རྫ་ཆུ་བསིལ་མ
དྭངས་གཙང་གིས་བརྒྱུད་པའི་རླུང་བུ་བསིལ་བསིལ
ཇི་འདྲའི་མཛེས་བག་གིས་སྤྲས་པའི་དག་ཞིང་ཞིག
 
ལྗོངས་རྒྱུ་བ་ཞིག་གི་སེམས་ཀྱི་རུམ་ཁང་ནང་དུ་ལྷུང་བའི་ཤོག་ལྷེའོ
 
ཁྱོད་ཀྱི་དྭངས་གཙང་གི་ཁ་དོག་དང
རླུང་བུ་བསིལ་བསིལ
ངའི་ཚོར་བའི་བར་གསེང་ལ་ཁྱབ
 
དེ་དུས། ངས་རང་དབང་མེད་པར།མདུན་བསྐྱོད་ཀྱི་གོམ་སྒྲ་བསྐྱུར
ལུས་ཟུངས་ཀྱི་ཚོར་བའི་སྒོ་མོ་ཡོད་ཚད་ཡངས་པོར་བྱས
 
ཁྱོད་ཀྱི་དྭངས་གཙང་གི་མཁའ་དབུགས་སུ་སེམས་པ་བཀར་ནས་ཡོད
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞོགས་གླུ།

2012-08-30 གཅན་གངས་མདའ། ཀློག་གྲངས། མཆན ཡོད།


ཞོགས་པའི་མཁའ་དབྱིངས་ལ་འཁྱུད་པའི་སྤྲིན་པ་ཕོན་པོ
རི་རྩེའི་ཕྱོགས་བཞི་ན་བརྒྱུད
 
ཉི་འོད་ཀྱི་སྐྲ་ལོའི་འོད་མདངས་མོད་པོ
ཁྱུ་བྱུག་གི་གྲེ་འགྱུར་གྱིས་དཀྲོགས
 
ལྗོན་ཤིང་གི་ཡལ་གའི་སྟེང་ན
འཇོལ་མོའི་གླུ་སྐད་དང་སྤྲིན་གྱི་ན་བུན་འཐིབས
 
སྔོ་ལྗང་གི་ཁ་དོག་དག
དུས་ཚིགས་ཀྱི་དར་ཆ་རེད
 
དུད་ཚང་གི་ར་བ་ན་རླབས་ལྟར་འཕྱོ་བའི་དུ་བ
ཞོགས་པའི་མཁའ་དབྱིངས་ན
འདྲེན་བྱེད་ཀྱི་ཚོར་བ་བརྐུས་པའི་དབྱངས་ཀྱི་བདག་མོ་དེའོ
 
ལྷུང་ལྷུང་དུ་འབབ་པའི་རྫ་ཆུ་བསིལ་མ
དྭངས་གཙང་གིས་བརྒྱུད་པའི་རླུང་བུ་བསིལ་བསིལ
ཇི་འདྲའི་མཛེས་བག་གིས་སྤྲས་པའི་དག་ཞིང་ཞིག
 
ལྗོངས་རྒྱུ་བ་ཞིག་གི་སེམས་ཀྱི་རུམ་ཁང་ནང་དུ་ལྷུང་བའི་ཤོག་ལྷེའོ
 
ཁྱོད་ཀྱི་དྭངས་གཙང་གི་ཁ་དོག་དང
རླུང་བུ་བསིལ་བསིལ
ངའི་ཚོར་བའི་བར་གསེང་ལ་ཁྱབ
 
དེ་དུས། ངས་རང་དབང་མེད་པར།མདུན་བསྐྱོད་ཀྱི་གོམ་སྒྲ་བསྐྱུར
ལུས་ཟུངས་ཀྱི་ཚོར་བའི་སྒོ་མོ་ཡོད་ཚད་ཡངས་པོར་བྱས
 
ཁྱོད་ཀྱི་དྭངས་གཙང་གི་མཁའ་དབུགས་སུ་སེམས་པ་བཀར་ནས་ཡོད
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།