པད་མ་མཚོ།

ངུར་སྒྲ།༼ལྷོ་ནུབ་མི་རིགས་སློབ་ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-01-04

ས་ཕྱོགས་གང་ཞིག་ཏུ། ཤེད་ཀྱིས་བཙལ་མྱོངས་པ།
པད་མ་འཚོ་སྟེ། མེ་ཏོག་གི་འདབ་ལོ་མནབས་པའི་ཁྱེད་རང་རེད།
དུས་ཚིགས་ནམ་ཞིག་ནས། ཁོ་བོས་ཞིབ་མོས་གཉོར་མྱོངས་པ།
པད་མ་འཚོ་སྟེ། མེ་ཏོག་གི་ལང་ཚོ་གཡར་བའི་མེ་ཏོག་ཁྱེད་རང་རེད།

པད་མ་འཚོ། གཞན་གང་ཡང་མ་རེད། གཡུ་ཡི་རྣ་ཏོག་ཆ་གཅིག་གི་བདག་མོ་རེད།
པད་མ་འཚོ། གཞན་སུའང་མ་རེད། བརྩེ་བའི་འབོད་པ་ཚར་གཅིག་གི་སྙིང་བོ་རེད།
སྟོན་ཟླ་སླེབས་རུང་། ངས་ཁྱེད་ཀྱི་མཛེས་པ་སྲུང་ཆོག་པས་ཅི་ལ་སྐྱོ།
དགུན་ཟླ་ཚེས་རུང་། ངས་ཁྱེད་ཀྱི་རྣམ་ཤེས་རུམ་ཆོག་པས་གང་ལ་འཇིགས།

དྲན་པ་ན་བུན་གྱི་ཚུལ་དུ་འཁྲིགས་པའི་དོ་དགོང་།
ང་ཚོས་མཇལ་འཛོམས་ཀྱི་ཆང་སྟོན་རྨི་ལམ་ལ་བཤམས་རུང་བ།
སྣང་མེད་དུ་མི་བསྐྱུར་རོགས། པད་མ་འཚོ།
དེའང་ལས་དབང་དུ་སྨིན་པའི་ཚོགས་བསགས་ཕྲ་མོ་ཞིག་རེད་ཨང་།

བདེན་པར་ལུས་པའི་ངའི་འཕྲིན་དང་གཏམ་ཉུང་ཤས་དེ།
ཚེ་ནོམ་དུ་མི་རུང་བ་མངོན་སུམ་ཚད་མ་ཡིན་རུང་།
དམར་རྗེན་དུ་བསྟན་པའི་ཁྱེད་ཀྱི་ཨ་ལན་དང་གཞས་ལན་དེ།
ངས་སྙིང་གི་མཛོད་དུ་ཉར་འདང་སྔ་ས་ནས་ཡོད་ཨང་།

ཞོགས་པ་འདིར། ང་ཚོས་མིག་ཞགས་བསྣོལ་ཐེངས་ཀྱི་ཆ་མེད་དེ།
ས་སྲོད་འདིར། ང་ཚོས་སེམས་པ་འདྲེས་ཐེངས་ཀྱི་ཆ་ཡོད་དུ་བྱས་ནས།
སྐད་ཆའི་མང་ཉུང་ལ་མ་རགས་པའི་སྙིང་གཏམ་གྱི་ལྗིད་ཚད་དེ།
རང་རང་གི་བྲོ་ཁ་དང་རྫོངས་པའི་ཚབ་ཏུ་བསྡུ་གསོག་བྱེད་ཨང་།

པད་མ་འཚོ། གློག་མེད་པའི་མཚན་མོ་ཁ་ཤས་སུ། ངས་ཞག་སྒྲོན་གྱི་ངོགས་ནས་ཁྱེད་ལ་སྙིང་འཕྲིན་མག་མོག་ཅིག་བྲིས་ཡོད།
པད་མ་འཚོ། གཞས་མེད་པའི་གླུ་ཚིག་ཁ་ཤས་སུ། ངས་སྣ་ལམ་གྱི་དབྱངས་སུ་ཁྱེད་རང་ཐེངས་འགར་བླངས་མྱོང་།
བདེན་པ་མང་བོ་ཞིག དོ་དགོང་གི་སྐར་ཚོགས་ནང་བཞིན། ངས་ཁྱེད་ལ་ལྷུག་འདོད་ཇི་འདྲའི་དྲག་ཨང་།
སྙིང་གཏམ་མོད་པོ་ཞིག དུས་ཚིགས་འདིའི་ཁ་བ་བཞིན། དཀར་པོ་ཁོ་ན་ཡིན།
                                        
                                      ༢༠༡༢་༡༠་༡༢ལ།ཁྲི་འདུ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པད་མ་མཚོ།

2013-01-04 ངུར་སྒྲ།༼ལྷོ་ནུབ་མི་རིགས་སློབ་ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།