རྨི་ལམ་གྱི་ཕ་རོལ་ཏུ་ཕྱིན་པ།
བདག་གཞོན་དུས་ཀྱི་ཉིན་ཞིག་ལ།
ཁྱེད་རང་ཨ་མས་ཁྲིད་འདུག་ཅིང་།
མངར་ཟས་ཤིག་གིས་ངུ་ཁ་ལེན་གྱིན་འདུག
ངས་་་ཁྱེད་རང་ནར་སོན་ནའང་སྙམ་སོང་།
བདག་རྒས་དུས་ཀྱི་ཉིན་ཞིག་ལ།
ཁྱེད་ཀྱིས་བུ་ཆུང་ཞིག་ཁྲིད་འདུག་ཅིང་།
གཉའ་བར་ཁུར་ནས་ངུ་ཁ་ལེན་གྱིན་འདུག
ངས་་་ཁྱེད་རང་གཞོན་སོང་ནའང་བསམ་སོང་།
དོན་ངོ་མར། ངས་ཚེ་གང་བོར་ཁྱོད་བརྗེད་ཐུབ་མེད་སོང་།
ཡིན་ཡང་ཁྱེད་ཀྱིས་བདག་ལན་ཅིག་ཀྱང་མཐོང་མི་འདུག
དེ་བས་མིག་ཟུང་བསྐྱར་དུ་ཕྱེས་དུས།
ལྗང་ལོ་ཡོད་ཚད་རྙིད་ཚར་འདུག
2012...ཉིན།
རྩོམ་ཁུངས། ངེད་དྲ་བ།