ཉི་མ་བླ་བྲང་གི་ཚན་བཤུས་ཟིན་ཐོ།༼ཞར་བཀོད་གཉིས་ཡོད༽

          དགའ་ལྡན་ལྔ་མཆོད་ཉིན
དེ་རིང་གི་ཞོགས་པ    བླ་བྲང་གི་ཞོགས་པ
ངའི་སེམས་ངལ་ཡིད་སྲུབས་སུ་སྐུངས་ཤིང་སྤས་པའི་ཁ་བ་འདི
རྣམ་ཤེས་ཀྱི་དབྱིངས་རིས་ལ་ཞུགས་པའི་གྲང་རེག་གི་ཚོར་བ་འདི
དྲོ་རྒྱུ་མེད་ལ་འཁྱག་རྒྱུའང་མེད་པའི་དེ་རིང་གི་གནམ་གཤིས་དང་ལྷགས་རླུང་གིས་
ཧྲལ་ཧྲུལ་ཟ་ཨང

གལ་ཏེ   སེམས་པ་འདི     སེམས་པ་འདི
གཤོག་གཡས་ཆད་པའི་བྱ་རྒོད་ནང་བཞིན་འཕུར་མི་ཐུབ་པའམ
བལྟ་འཕྲོར་ལུས་པའི་དཔེ་མཚམས་ཇི་བཞིན་ལྟེབས་མི་ཆོག་ན
གཅེས་ཕྲུག   ཨ་མའི་སེམས་ཁོང་དུ་འཛུལ་ནས་འདུག་ས་གང་ན་ཡོད
ཁྱོད་ཀྱི་ལས་ཤག་གི་སྒོ་རྟགས་དང་སྦྱར་བྱང་ད་དུང་བསུབ་མེད་པས

དགུན་གཞུང་གི་སྡུག་རྩུབ་ཁྲོད་ན་དཔྱིད་ཀྱི་ས་བོན་དང་དབྱར་གྱི་འཛུམ་མདངས་ཟེར་བའི་ལྐོག་ཇུས་ཤིག་ཡོད་པས
མག་མོག་གི་གྲིབ་རིས་འདིའི་ཕུག་ནའང་འོད་ཀྱི་སྣང་བརྙན་རེ་ལོས་ཡོད
ད་ལྟའང་ངོ་ན་འཛུམ་མ་ཡལ་བའི་ངའི་བློས་ཐུབ་ཚོ
གྱ་གྱུར་འཐེན་པའི་བསང་ཆུའི་རོལ་དབྱངས་དང་འོད་དུ་འཚེར་བའི་མཆོད་རྟེན་གྱི་
གསེར་ཏོག་རྩེ་ན
གསང་བ་དང་གཏམ་རྒྱུད་གཞན་ཞིག་གི་ལྷན་པ་བརྒྱབ་ཡོད

ཉམ་ང་ཞིང་གྲངས་མེད་པའི་གདོང་གཟུགས་མཛེས་པོ་དག
སྲ་མཁྲེགས་ཀྱི་ཞབས་རྗེས་དགོན་པའི་བསྐོར་ལམ་ནས་འབོར་དུས
མདངས་ཤོར་བའི་མིག་ཟུང་འདུ་ཁང་གི་ཁྱམས་འོག་ལ་ཡན་དུས
འོ་ཆང་གི་མངར་ཁས་བཟི་བའི་རྟེའུ་དཀར་ཚོ་གང་ན་ཡོད
འཚེར་སྐད་ལྷང་ལྷང་གིས་ཕྱོགས་བཞིར་ཨ་ལེན་འདེབས་པའི་རྟ་ཕོ་ག་ཙམ་ཡོད

དགའ་བའི་ཞབས་སྤྲོ་ཡི་སྟངས་སྟབས་མཐོང་རྒྱུ་མི་འདུག
སྙན་པའི་གླུ་གཞས་ཀྱི་འགྱུར་ཁུགས་ཐོས་རྒྱུ་མི་འདུག
གང་ན་ཡོད   གང་ན་ཡོད   གང་དུ་བུད་སོང    གང་དུ་བུད་སོང

དེའི་རྐྱེན་པས         ཉིན་མོ་འདིར
འབུལ          མཆོད་པ་འབུལ
གཏིང་རེག་གི་ཚོར་བ་ཡོད་ཚད་ག་ལེར་སྙན་ངག་ཏུ་བྲིས་ནས་མཆོད་པ་འབུལ
ལུས་ཀྱི་མཆོད་པ་འབུལ    ངག་གི་མཆོད་པ་འབུལ   ཡིད་ཀྱི་མཆོད་པ་འབུལ
འབུལ     འབུལ     འབུལ
          ༠༨   ༡༡  ༢༢--༢༣  བླ་བྲང་ནས

            སླར་ཡང་སད་པའི་རྣམ་ཤེས།
བདག་དང་འབྲེལ་བ་མེད་པའི་ལོ་ཟླ་ཞག་དུས་ཀྱི་ཉིན་མཚན་རིང་མོར
བདག་དང་འབྲེལ་ཆེ་བའི་རྨི་ལམ་གྱི་གཞུང་ཤིང་སྟེང་དུ
ཁུ་བྱུག་གི་འབོད་པ་དང་མེ་ཏོག་གི་ཆག་རོ་ལྷན་དུ་གྲུབ་རྐྱེན
ཁྱོད་དང་ང    ནམ་ཡང་ཆུ་བོ་ཞིག་གི་ཕར་ཚུར་དང
རི་བོ་ཞིག་གི་ཉིན་སྲིབ་རེད

མིག་ཟུང་ཕར་ལ་དེད་ནས་གཉིད་དུ་ཡུར་བའི་སྒེའུ་ཁུང་གི་གསང་བ་བརྟོལ་ན
ལག་པ་མདུན་དུ་བསྲིངས་ནས་ཆེ་ཞིང་རྒྱགས་པའི་བྲང་གཞུང་གི་མྱོས་བུམ་སྒུལ་ན
ངལ་ཅིང་དུབ་པའི་བདག་གི་ལུས་སེམས་གཉིས་ཀར
ཁྱོད་ཀྱིས་བསམས་མྱོང་བ་ལྟ་བུའི་སྦྲིད་ཚོར་ཞིག་ཡེ་ནས་མི་འདུག

གཡའ་དྭགས་པའི་དེ་རིང་གི་ནམ་མཁའ་གང་ན་ཡོད
རྡུལ་དྭགས་པའི་དེ་རིང་གི་ས་གཞི་གང་ན་ཡོད
ངའི་མི་རྒྱུད་ཀྱི་ཤ་ཁྲག་ལ་འདྲེས་པའི་སྨུག་མདོག་གི་ཚོན་རྩི་སྟེ
མཚོ་སྔོན་པོ        མཚོ་སྔོན་པོ

སེམས་ཀྱི་རྨ་ཁ་འཁུར་བའི་རྨས་མ་ཚོ་འདི་ན་ཡོད
མཚན་མོའི་སྐྱུར་ཁ་འཐུང་བའི་སྤུན་ཟླ་ཚོ་རྒྱང་ན་ཡོད
ཕ་བོང་གི་ཟུར་ཁ་རེ་ན་འོད་ཟེར་གྱི་གཤོག་པ་རེ་ཐོགས་པའི
ངའི་གཉན་ཆེན་ཐང་ལྷ         གཉན་ཆེན་ཐང་ལྷ

ལུས་སེམས་ཁ་ཁར་གཏོང་བའི་དེ་རིང་གི་ཞོགས་པའམ
སྙིང་ནད་སྙིང་ལ་ཉར་བའི་འཆར་ཀའི་འོད་མདངས་འདི
ནམ་ཞིག   རྟོག་བཏགས་དང་ལྷ་སྒྲུང་གི་སྲོད་ཁར་འཕྱན་ན
ཁྱོད་ཀྱིས   སླར་ཡང་སད་དགོས་པའི་ཤེས་པ་གཏིང་ནས་འཕྱོ་སྲིད
ཡང་ན

                  ༢༠༠༨   ༡༢   ༡༢ཉིན

         བྱིས་པ་ཞིག་གི་སྐྱེས་སྐར་ལ་རོལ་བ།
སེམས་པ་གྲངས་མེད་ཀྱི་འཚང་ཁས་སྙོམས་ཤིང
མིག་ཟུང་རིག་རིག་གི་ཞབས་ཏོག་རྒྱག་དུས
ང་ཚོས་གཞི་ནས་རང་ཉིད་སྐྱེས་སྐར་དུ་རོལ་འདུག་ཨང

རང་ཉིད་ཆེས་སྐྱིད་པའི་ཞོགས་པ་དང་ས་སྲོད་གང་རུང་ལ
ཁོག་པ་འཁྱག་ལ་འབྱར་བའི་བུད་མེད་དང་མཉམ་འགྲོ་མཉམ་འདུག་བྱེད་པ་ནི
ང་རང་གཏན་ནས་དགའ་མ་མྱོང་བའི་བྱ་དངོས་ཤིག་ལ་ཕྱིས་སུའང་སེམས་པ་ཆགས་མི་སྲིད་པའི་ཆོས་ཉིད་ལྟ་བུ་རེད

ཁོ་མོའི་འཛུམ་གྱིས་སྐྱོང་བའི་མེ་ཏོག་ཆུང་ཆུང་ངམ
འཛུམ་པའི་མདངས་ཀྱིས་བསུ་བའི་སྙིང་ཆུང་ལུ་གུ་ཉིད

དོ་ནུབ་ཀྱི་དགོང་ཟས་འདིའི་ཕུག་ན་སྐུང་བའི་འཚོ་བཅུད་སྣུམ་པོ་ཡིན
དོ་ནུབ་ཀྱི་དགོད་སྒྲ་འདིའི་ཀློང་ན་སྤུར་བའི་རོལ་དབྱངས་གསོན་པོ་ཡིན
དོ་ནུབ་ཀྱི་ཞབས་བྲོ་འདིའི་གསེང་ན་རྒྱུ་བའི་སྟངས་སྟབས་རེ་རེ་ཡིན

དོ་ནུབ     ལང་ཚོ་ལ་གཉོམ་ལག་རྒྱས་པའི་དོ་ནུབ
ངས་རི་བོའི་མཐོ་ཚད་དུ་འགྲེང་བའི་སེམས་པ་དང
དམར་བོའི་མེ་རླབས་ཀྱིས་འཕྱོ་བའི་སྙན་ངག
ད་དུང་བླ་སྲོག་དང་རྣམ་ཤེས་ཀྱི་ངོ་བོ་བསྲེས་ནས
ཕ་མ་གཉིས་ཀའི་ཡུན་རིང་ལ་གཅེས་ཤིང་སྐྱོང་བའི
ལས་ཀྱི་བུ་ལོ་ཆུང་ཆུང་དེའི་ཡ་ཐོད་ལ
ཡང་ན་སྙིང་ལ་ཉེ་བའི་སེམས་པ་ཆུང་ཆུང་དེའི་གྲམ་པར
རྟེན་འབྲེལ་ཀུན་འགྲིག་གི་ལེགས་སྐྱེས་འཁྱེར་ཡོད
དགའ་སྐྱིད་གཡང་འཛོམས་ཀྱི་ཕྱྭ་གཡང་བཀུག་ཡོད
ད་དུང     ཁྱོད་ཀྱིས་བསམ་མ་མྱོང་ལ་བདག་གིས་རྨིས་ཀྱང་མ་མྱོང་བའི་ཀུན་རྟོག་གི་རི་མོ་མང་བོ་མང་བོ་ཞིག་བྲིས་ཡོད

                                                ༢༠༠༨   ༡༠   ༢༤མཚན་ཕྱེད་ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་མ་བླ་བྲང་གི་ཚན་བཤུས་ཟིན་ཐོ།༼ཞར་བཀོད་གཉིས་ཡོད༽

2012-12-29 དགའ་ཕ་ལམ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།