སྙན་ངག་ཁག་གཉིས།

           ༡ རྨི་ལམ་ལས།
གནམ་གྱི་མཐོངས་ནས་བྱ་རྒོད་ངར་མ་ཞིག་ངའི་སྒང་དུ་མཆོང་སྟེ
ངའི་མིག་རྒྱ་བརྔོགས་སོང
ས་འོག་ནས་འབུ་སྲིན་ཁབ་སྐུད་འདྲ་བ་ཞིག་ཐོན་ཏེ
ངའི་ཕོ་མཚན་བཅད་དེ་འཁྱེར་སོང
ས་སྟེང་དུག་སྦྲུལ་ནག་པོ་འདིས
ངའི་རྐང་ལག་བཅད་དེ་བརྒྱུགས་སོང
 
ད་དུང་ང་ཤི་མེད་ཅེས་དགོད་ཅིང
དོགས་སྣང་དང་འཚུབ་ཆ་ཅི་ཡང་མེད་པར་བསྡད་འདུག

        ༢  ད་ལོའི་ལོ་མ་འདི།
ནམ་མཁའ་འབྲུག་སྐད་ཀྱི་ཁེངས་ཤིང
ས་གཞིར་གཙང་ཆུ་དང་ཤྭ་འོད་ཀྱིས་འཐབ་ཀྱིན
ཚུ་རོལ་གྱི་ཤིང་སྡོང་ཕ་རོལ་དུ་བསྐྱལ་ཞིང
ཕ་རོལ་གྱི་བྲག་རྡོ་ངའི་ཁང་ཁྱིམ་གྱི་སྒོ་ར་རུ་འཁྱེར་ནས་འདུག
 
ས་གཞི་གས་པོ་འདིས
ནམ་མཁའ་ཆག་པོ་འདིས
ངའི་ཁང་ཁྱིམ་གྱི་སྒོ་ར་ཅི་ལྟར་གཙང་ཕྱགས་བྱེད་དམ
 
ངའི་ཁང་ཁྱིམ་གྱི་སྒོ་ར་དང་སྒོ་རའི་ཕར་ངོགས་ནི
འབར་འབུ་རིའི་ས་རྡོ
ན་མ་ནུར་གྱི་འདམ་པ་ལས་ཅི་ཞིག་ཀྱང་མི་འདུག
སྔོ་ལྗང་ལྗང་གི་རྩྭ་ཕྲན་རྐང་གཅིག་ཀྱང་མིན་འདུག
རྐང་གཅིག་ཀྱང་རེག་རྒྱུ་མི་འདུག
རྐང་གཅིག་ཀྱང

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་ཁག་གཉིས།

2012-12-15 མེ་འབར། ཀློག་གྲངས། མཆན ཡོད།

           ༡ རྨི་ལམ་ལས།
གནམ་གྱི་མཐོངས་ནས་བྱ་རྒོད་ངར་མ་ཞིག་ངའི་སྒང་དུ་མཆོང་སྟེ
ངའི་མིག་རྒྱ་བརྔོགས་སོང
ས་འོག་ནས་འབུ་སྲིན་ཁབ་སྐུད་འདྲ་བ་ཞིག་ཐོན་ཏེ
ངའི་ཕོ་མཚན་བཅད་དེ་འཁྱེར་སོང
ས་སྟེང་དུག་སྦྲུལ་ནག་པོ་འདིས
ངའི་རྐང་ལག་བཅད་དེ་བརྒྱུགས་སོང
 
ད་དུང་ང་ཤི་མེད་ཅེས་དགོད་ཅིང
དོགས་སྣང་དང་འཚུབ་ཆ་ཅི་ཡང་མེད་པར་བསྡད་འདུག

        ༢  ད་ལོའི་ལོ་མ་འདི།
ནམ་མཁའ་འབྲུག་སྐད་ཀྱི་ཁེངས་ཤིང
ས་གཞིར་གཙང་ཆུ་དང་ཤྭ་འོད་ཀྱིས་འཐབ་ཀྱིན
ཚུ་རོལ་གྱི་ཤིང་སྡོང་ཕ་རོལ་དུ་བསྐྱལ་ཞིང
ཕ་རོལ་གྱི་བྲག་རྡོ་ངའི་ཁང་ཁྱིམ་གྱི་སྒོ་ར་རུ་འཁྱེར་ནས་འདུག
 
ས་གཞི་གས་པོ་འདིས
ནམ་མཁའ་ཆག་པོ་འདིས
ངའི་ཁང་ཁྱིམ་གྱི་སྒོ་ར་ཅི་ལྟར་གཙང་ཕྱགས་བྱེད་དམ
 
ངའི་ཁང་ཁྱིམ་གྱི་སྒོ་ར་དང་སྒོ་རའི་ཕར་ངོགས་ནི
འབར་འབུ་རིའི་ས་རྡོ
ན་མ་ནུར་གྱི་འདམ་པ་ལས་ཅི་ཞིག་ཀྱང་མི་འདུག
སྔོ་ལྗང་ལྗང་གི་རྩྭ་ཕྲན་རྐང་གཅིག་ཀྱང་མིན་འདུག
རྐང་གཅིག་ཀྱང་རེག་རྒྱུ་མི་འདུག
རྐང་གཅིག་ཀྱང

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།