ཚེ་རིང་ལྷ་མོ། ང་།

དགེ་སྐྱེས་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-12-15


ཁྱེད་དང་དཔུང་པ་མཉམ་ནས་འགྲོ་ཐེངས་རེར།
ང་ལ་ཉ་མོ་ཆུ་བོའི་བརྩེ་སེམས་ཀྱི་བྲོ་བ་རྙེད་ལ།
ཁྱེད་དང་སྙིང་གཏམ་གླེང་ནས་བསྡད་ཐེངས་རེར།
ང་ལ་ཆ་འགྲིག་གསེར་བྱའི་བརྩེ་སེམས་ཀྱི་བྲོ་བ་ཐོབ།
ཡིན་ཡང་འདྲ་ཆགས་བཙན་སྒྲིག་གི་སྒོ་ལྕགས་ཞིག
ངའི་སྨྲ་ལྕེའི་རྩ་བ་རུ་ཐེབས་པ་ནས་བཟུང་།
ཁེར་རྐྱང་གི་དུས་ཚོད་སྐྱ་མོའི་ནང་ན།
ངས་རེ་འཆང་གི་ལྡེ་མིག་ཞིག་ཡང་ཡང་བརྡར་མོད།
ངོ་ཚ་དང་དངངས་སྐྲག་འདྲེས་མའི་སྒོ་མོ་དེའི་མཚམས་ན།
རེ་འཆང་གི་ལྡེ་མིག་ལྗི་ཏིག་གེ་བ་དེ་ཉིད། ཡང་ཡང་ཁུག་ལ་ལས་འདོན་རྩིས་བྱས་ལ།
ཡང་ཡང་ཁུག་མ་ལ་སྦས་རྩིས་ཀྱང་བྱ་དགོས་བྱུང་།
མུན་པ་ཧ་ཅང་ཚགས་སྟུག་པའི་མདང་ནུབ།
ངས་རེ་འཆང་གི་ལྡེ་མིག་སྤྱད་ཅིང་།
〝ང་ཁྱེད་ལ་དགའ་〞བའི་སྨྲ་སྒོ་ཕྱེ་མོད།
དགའ་འཚབ་ཞིག་གི་དངངས་པ་ལས་དྲན་པ་རྙེད་དུས།
ང་རང་སྔར་བཞིན་ད་རང་ཞོགས་པའི་མལ་ཆས་ནང་ལུས་འདུག་པས།
ཚེ་རིང་ལྷ་མོ།       ང་་་་་་་་་་་་་་་་་་་་་    
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་རིང་ལྷ་མོ། ང་།

2012-12-15 དགེ་སྐྱེས་ཚེ་རིང་། ཀློག་གྲངས། མཆན ཡོད།


ཁྱེད་དང་དཔུང་པ་མཉམ་ནས་འགྲོ་ཐེངས་རེར།
ང་ལ་ཉ་མོ་ཆུ་བོའི་བརྩེ་སེམས་ཀྱི་བྲོ་བ་རྙེད་ལ།
ཁྱེད་དང་སྙིང་གཏམ་གླེང་ནས་བསྡད་ཐེངས་རེར།
ང་ལ་ཆ་འགྲིག་གསེར་བྱའི་བརྩེ་སེམས་ཀྱི་བྲོ་བ་ཐོབ།
ཡིན་ཡང་འདྲ་ཆགས་བཙན་སྒྲིག་གི་སྒོ་ལྕགས་ཞིག
ངའི་སྨྲ་ལྕེའི་རྩ་བ་རུ་ཐེབས་པ་ནས་བཟུང་།
ཁེར་རྐྱང་གི་དུས་ཚོད་སྐྱ་མོའི་ནང་ན།
ངས་རེ་འཆང་གི་ལྡེ་མིག་ཞིག་ཡང་ཡང་བརྡར་མོད།
ངོ་ཚ་དང་དངངས་སྐྲག་འདྲེས་མའི་སྒོ་མོ་དེའི་མཚམས་ན།
རེ་འཆང་གི་ལྡེ་མིག་ལྗི་ཏིག་གེ་བ་དེ་ཉིད། ཡང་ཡང་ཁུག་ལ་ལས་འདོན་རྩིས་བྱས་ལ།
ཡང་ཡང་ཁུག་མ་ལ་སྦས་རྩིས་ཀྱང་བྱ་དགོས་བྱུང་།
མུན་པ་ཧ་ཅང་ཚགས་སྟུག་པའི་མདང་ནུབ།
ངས་རེ་འཆང་གི་ལྡེ་མིག་སྤྱད་ཅིང་།
〝ང་ཁྱེད་ལ་དགའ་〞བའི་སྨྲ་སྒོ་ཕྱེ་མོད།
དགའ་འཚབ་ཞིག་གི་དངངས་པ་ལས་དྲན་པ་རྙེད་དུས།
ང་རང་སྔར་བཞིན་ད་རང་ཞོགས་པའི་མལ་ཆས་ནང་ལུས་འདུག་པས།
ཚེ་རིང་ལྷ་མོ།       ང་་་་་་་་་་་་་་་་་་་་་    
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།