ཞེ་འདང་མི་ལོན་པའི་ན་ཟུག

ཨ་ཅེ།   དེ་རིང་རྒྱ་གྲོང་གི་ཁང་བཟང་ཞིག་ན།
      ཞེ་ཚབ་ཚུབ་ཀྱིས་གཉེན་སྟོན་ལ་ཞུགས་ཡོད།
      ཁ་པར་ལས་སྣྲེང་ཞེན་གྱི་མིག་ཆུ་མ་སྟོར་དང་།
      འདི་ནི་ཐོད་སྟེང་གི་གསུབ་མེད་ཀྱི་ལས་དབང་དེ་ཡིན་པས།
      ཁོར་བའི་སྐྱིད་སྡུག་གི་འ་ཐང་རིང་མོའི་འགྲིམ་བཞུད་དེའི་ཆེད་དུ་ཨམ་གཙིགས་སྡོམས་རོགས།
 
ཨ་ཅེ།   སྦྲ་གུར་དང་མེ་ཏོག ཚར་ལ་དང་གཡུ་བྱུར་གྱི་རྒྱན་ཆ་མེད་པའི་གཉེན་སྟོན་དེ།
      ཇི་འདྲའི་བཟོད་པར་དཀའ་ཡང་།
      ཁྱོ་གའི་ཡུལ་མི་ཚོའི་འདྲེ་སྐད་ལབ་ལིབ་དེས། རྔམས་སེམས་ཀྱི་འཛུམ་ཆུང་རེ་རེས།
      ཁྱེད་རང་སྐྲག་པར་བཟོས་སོང་ཡང་།
      ཕ་ཡུལ་ན་ཕུ་བོ་ཚོ་གང་སར་སོང་ཤུལ་དུ།
      སྟོང་སང་དང་ཁེར་རྐྱང་གིས་གཙེས་བའི་ཁྱེད་ལ་དངོས་ནས་ཁག་ཅིག་མི་འདུག
 
ཨ་ཅེ།   ཁོར་བ་ལ་ངེས་འབྱུང་སྐྱེས་བའི་ཆུང་འདྲེས་ཀྱི་ཕུ་བོ་ཚོ་དྲན་རབས་མ་གླེང་དང་།
      འཚོ་བ་འདིའི་ཆོས་ཉིད་དམ་ཁོར་བ་འདིའི་རྣམ་གཞག་འདི།
      གང་ལྟར་ཡང་སྐྱོང་དགོས་པས་ཐབས་ཅི་ཡོད།
    
      རྟ་མཆོག་གི་གོང་ན་རྩེན་པའི་ཕུ་བོ་ཚོ་དགོན་པའི་གཡེར་དྲིལ་གྱི་ཏིང་འཛིན་ལ་འཐིམ་སོང་།
      ཤེས་རིག་ནེམ་ལྗང་གིས་བརླན་པའི་ཕུ་བོ་ཚོ་གྲོང་ཁྱེར་གྱི་འདུ་འཛིས་བྲིད་སོང་།
      ད་ལྟ་རྩྭ་ཐང་གི་ཕང་བ་རུ་ཁྱེད་ལ་དངོས་གནས་ཞེ་འདང་ཞུ་ས་ཞིག་མི་འདུག
 
ཨ་ཅེ།  ངུར་ཆུང་ལྷིང་ལྷིང་གི་འཇོ་དབྱངས་ཁྲོད་གཏན་གྱི་འདུན་མ་ཐོབ་པའི་ལས་སྐལ་དེ་འདི་ལྟར་རྫོགས་དུས།
     སྦྲ་ནག་གི་འཇིག་རྟེན་འཚོས་བས་རིགས་བཟང་གི་བདག་མོའི་མིང་བྱང་དེ་དེ་ལྟར་ཁྱེར་དུས།
     འཁྲེང་ཞེན་གྱི་མིག་ཆུས་ཡ་ཆུང་དེ་དེ་འདྲ་མ་བརླན་རོགས།
  
ཨ་ཅེ།   སྦྲ་གུར་དང་མེ་ཏོག་གིས་སླེས་པའི་རྨི་ལམ་དེ་ཁྱེད་ཀྱི་སེམས་གསོ་ཡིན་ལ།
      མ་ནི་དང་སྒྲོལ་མའི་མགུར་ཆུང་དེ་ཁྱེད་ཀྱི་སྐྱོ་རོགས་ཡིན་པས།
      ཤམ་ཤམ་གྱིས་འཇོ་བའི་ངུ་རྔངས་མོད་པོས།
      རྩྭ་ཐང་ན་ལུས་པའི་ཆ་ཡོད་ཀྱི་ངོ་གདོང་ཚོར་ཞེ་སྡུག་དེ་འདྲ་མ་འཇོག་ཨང་།
      ངའི་ཡ་ཁོག་གི་ཟུག་གཟེར་འདི་སོས་དཀའ་བ་ལ།
    
ཨ་ཅེ།   མག་གསར་གྱི་བོད་སྐད་ལྡབ་ལྡིབ་དེས་ཁྱེད་རང་ཁྱེར་སོང་།
      ཁྱེད་ཀྱི་མེ་ཏོག་ལྟ་བའི་ལང་ཚོ་དང་རྣམ་ཤེས་མཐའ་དག
      དེ་ལྟར་ཁྱེར་སོང་བ་དེས།
      ཁྱེད་ལ་རང་ཚུགས་མེད་སོང་བ་གཏན་ནས་མིན།
      ཡོད་ཚད་འུ་ཚང་གི་ཆག་གྲུམ་ཤོར་བའི་འཚོ་གཞིས་དེས་ལན།
 
      སྨུག་རྒྱུའི་གྲོང་ཁྱེར་ལྟ་བུའི་ཁ་སང་གི་མགོ་འཕངས།
      དེ་རིང་གི་བྱེ་ཐང་ནས་གློ་བུར་དུ་ཡལ་ཚུལ་ནི།
      ཁྱེད་རང་ཐག་རིང་གི་རྒྱུས་མེད་གྱི་རྒྱ་གྲོང་དེར།
      གནས་ལ་སོང་ཚུལ་དེས་མཚོན་གྱིན་འདུག
 
ཨ་ཅེ།   ལྕི་འདམ་གྱི་འཚོ་བ་སྐྱུར་བོ་དེ་དྲན་རབས་མ་གསུང་དང་།
      ཨ་མའི་སྡུག་དམེ་རིང་བོ་དེ་དྲན་རབས་མ་གསུང་དང་།
      འོ་ཞོ་དང་སྦྦྲང་དཀར་རྩམ་པ་དྲན་རབས་མ་གསུང་དང་།
      ལུ་གུ་དང་མེ་ཏོག་གི་རྩེད་བྲོ་དྲན་རབས་མ་གསུང་དང་།
      རྫི་གླུ་དང་སྦྲ་ནག་གི་བརྩེ་འདང་དྲན་རབས་མ་གསུང་དང་།
      ན་ཟླ་དང་མིང་སྲིང་ཚོའི་ཞེ་འདང་དྲན་རབས་མ་གསུང་དང་།
 
ཨ་ཅེ།   ལོ་ཟླ་གང་མང་གི་ལྟག་རྒྱབ་ན་ཁྱེད་ཀྱིས་བོར་ངེས་པའི་ཕ་སྐད་དེ་བསམ་ན།
      ཁྱེད་ཀྱིས་དྲན་མི་སྲིད་པའི་འབྲོག་ཁྱིམ་དེ་བསམ་ན།
      ངའི་ན་ཟུག་གིས་ཟིན་པས་དྲན་གཞིག་དཀའ་མོ་དེ་དེ་ལྟར་ཡིན་དུ་ཆུག་ཀྱང་།
      བླ་སྲོག་གི་རྨང་རྡོ་འགྱེལ་བའི་ཁྱིམ་ཚང་འདིའི་དར་རྒུད་བསམ་ན།
      ཇི་ལྟར་བཟོད་ཐུབ་ཨང་།
 
      ད་ལྟ་རྒྱ་ལྡོམ་ཚོ་གཤར་འོངས་ཚད་ཇེ་མང་རེད།
      ད་ལྟ་ཨ་ཅེ་ཚོ་ཁྲིད་འགྲོ་མཁན་ཇེ་མང་རེད།
      ད་ལྟ་རྩྭ་ཐང་ན་ངོ་མི་ཤེས་བའི་རིགས་རྒྱུད་ཅིག་ཇེ་མང་རེད།
      ཕ་མེས་ཚོས་བསང་དུད་ཀྱིས་བཀྲུས་བའི་རྩྭ་ཐང་གི་དག་གཙང་།
      ད་ལྟ་སྐད་རིགས་ལག་ལོག་སྨྲ་མཁན་གྱི་ཁ་རླངས་ཤིག་གིས་འཇོམ་གྱིན་འདུག
  
     ཨ་ཅེ་གནས་ལ་སོང་ཚུལ་ནི་ཞེ་འདང་གི་མི་ལོན་པའི་ན་ཟིག་ཅིག་རེད།
     ཨ་ཅེ་གནས་ལ་སོང་ཚུལ་ནི་འུ་ཚང་གི་ཏིང་འཛིན་རིག་གནས་ཀྱིས་བརླག་པས་གཏམ་རྒྱུད་རེད།         
     ཨ་ཅེ་གནས་ལ་སོང་ཚུལ་ནི་འུ་ཚང་གི་རིགས་ཞེན་ཞིག་དོར་བས་སྔ་ལྟས་རེད།
     ཨ་ཅེ་གནས་ལ་སོང་ཚུལ་ནི་འུ་ཚང་གི་རླུང་རྟ་རྒུད་པའི་རྟགས་མཚན་ཞིག་རེད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞེ་འདང་མི་ལོན་པའི་ན་ཟུག

2012-11-25 གཟུ་མིག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།