གླུ་སྐད་ཅིག

བློ་བཟང་དཔལ་ལྡན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-05-06

            ----གླུ་མ་ཚེ་དབང་ལྷ་མོར་ཕུལ །

གླུ་སྐད་ཅིག
ངའི་རྣ་བའི་བྲག་ཐེམ་སྟེང་དུ་གཤོག་རྡེབ་བྱེད
རྩྭ་ཐང་གི་བྱིའུ་ཚུན་ཆད་ལ་བ་སྤུ་འདར་བའི་མྱོས་ཆང་བླུད
 
གླུ་སྐད་ལ་ཟད་མི་ཤེས་པའི་བརྩེ་བ་ལྡན
ཆམ་ནད་ཕོག་པ་ལྟ་བུའི་ཤིང་གི་གྲུ་གཟིངས་འདིའི་ནང
ཁ་ལྕེ་དམར་བོ་འགུལ་བའི་སྒྱུ་རྩལ་བ་མང་ན་ཡང
དངོས་པོ་ཐམས་ཅད་གཅིག་གཅིག་བཞིན་བསལ་བའི་ཤུལ་དུ
རི་མཐོ་སར་འཁྱིལ་བའི་དབྱངས་རྟ་དེས
བོད་མི་མཛངས་མ་ཞིག་ཁོ་བོའི་རྣམ་ཤེས་ཀྱི་ཐག་པར་སྦྲེལ
 
སེམས་ཁྲལ་ཞིག རྨི་ལམ་ཞིག
གླུ་སྐད་ཀྱི་གཤིན་སར་སྨིན་པའི་ཉི་ཟེར་སྐུད་པ
སྒེའུ་ཁུང་འདིའི་ཕྱི་ནང་ལ་བཅིངས་པའི་སྤྲིན་གྱི་རོ་འཛིན་གཡོ
 
ངའི་རྣ་དབང་ལ་ཆང་བཟི་བའི་ལག་མཐིལ་གྱི
ཨ་རག་ཁམ་གང་གི་ནེམ་ཤ་འཐུག་པས
ངས་ཁྱོད་ལ་གླུ་མའི་མགྲིན་ཚབ་པ་ཞེས་བོས་ཏེ
བྲག་རྡོའི་མཁར་རྫོང་ཞིག་ལ་རང་གི་མཛའ་འཕྲིན་དུ་བསྐུར་ཟིན                           
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གླུ་སྐད་ཅིག

2013-05-06 བློ་བཟང་དཔལ་ལྡན། ཀློག་གྲངས། མཆན ཡོད།

            ----གླུ་མ་ཚེ་དབང་ལྷ་མོར་ཕུལ །

གླུ་སྐད་ཅིག
ངའི་རྣ་བའི་བྲག་ཐེམ་སྟེང་དུ་གཤོག་རྡེབ་བྱེད
རྩྭ་ཐང་གི་བྱིའུ་ཚུན་ཆད་ལ་བ་སྤུ་འདར་བའི་མྱོས་ཆང་བླུད
 
གླུ་སྐད་ལ་ཟད་མི་ཤེས་པའི་བརྩེ་བ་ལྡན
ཆམ་ནད་ཕོག་པ་ལྟ་བུའི་ཤིང་གི་གྲུ་གཟིངས་འདིའི་ནང
ཁ་ལྕེ་དམར་བོ་འགུལ་བའི་སྒྱུ་རྩལ་བ་མང་ན་ཡང
དངོས་པོ་ཐམས་ཅད་གཅིག་གཅིག་བཞིན་བསལ་བའི་ཤུལ་དུ
རི་མཐོ་སར་འཁྱིལ་བའི་དབྱངས་རྟ་དེས
བོད་མི་མཛངས་མ་ཞིག་ཁོ་བོའི་རྣམ་ཤེས་ཀྱི་ཐག་པར་སྦྲེལ
 
སེམས་ཁྲལ་ཞིག རྨི་ལམ་ཞིག
གླུ་སྐད་ཀྱི་གཤིན་སར་སྨིན་པའི་ཉི་ཟེར་སྐུད་པ
སྒེའུ་ཁུང་འདིའི་ཕྱི་ནང་ལ་བཅིངས་པའི་སྤྲིན་གྱི་རོ་འཛིན་གཡོ
 
ངའི་རྣ་དབང་ལ་ཆང་བཟི་བའི་ལག་མཐིལ་གྱི
ཨ་རག་ཁམ་གང་གི་ནེམ་ཤ་འཐུག་པས
ངས་ཁྱོད་ལ་གླུ་མའི་མགྲིན་ཚབ་པ་ཞེས་བོས་ཏེ
བྲག་རྡོའི་མཁར་རྫོང་ཞིག་ལ་རང་གི་མཛའ་འཕྲིན་དུ་བསྐུར་ཟིན                           
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།