སྐྱེ་རྒུ། ང་རང་ཁྱེད་ཀྱི་པང་དུ་ལོག་འདོད།

ས་ཆེན་ཁྲོ་འདར་གཅིག་གིས །
རྨི་ལམ་གྱི་བདེ་དྲོད་ཡལ་ལོང་མེད་པར།
རྨི་ལམ་གཞན་ཞིག་གིས་རྨི་ལམ་དཀྲོགས་ཏེ།
ང་དང་ངའི་སློབ་བུ་ཚོ།
ང་དང་ངའི་དགེ་གྲོགས་ཚོ།
ང་དང་ངའི་ཡོད་ཚད།
བྱེ་རྡུལ་རླུང་གིས་སྤུར་བ་བཞིན།
ཁྱེད་ཀྱི་མཛེས་སྡུག་གི་པང་ལས་རིང་དུ་བསྐྲད་སོང་།
ཁྱེད་ཀྱི་དཀྱེལ་ཡངས་བའི་པང་ལས་རིང་དུ་བསྐྲད་སོང་།
ཁྱེད་ཀྱི་བྱམས་བརྩེ་ཡི་པང་ལས་རིང་དུ་བསྐྲད་སོང་།
 
སྐྱེ་རྒུ་ཡ་སྐྱེ་རྒུ །
སེམས་པ་རྨས་མ་ཞིག་གི་རྨི་ལམ་བོར་བ་ལྟར།
ཆང་འཐུང་བཟི་བོ་ཞིག་གིས་རང་ཁྱིམ་བོར་བ་ལྟར།
ཁྱེད་ཀྱིས།     ང་ཚོ་གཏན་ནས་བོར་བ་མིན་ནམ།
 
མཐོང་མ་མྱོང་བའི་རྒྱང་རིང་རྒྱང་རིང་འདི་ན།
མཐོང་མི་འདོད་པའི་རྒྱང་རིང་རྒྱང་རིང་འདི་ན།
ལྷག་བསམ་གྱི་ཕྱག་ཟུང་མང་པོ་མང་པོ་ཡོད་ལ།
མཛེས་སྡུག་གི་འཇིག་རྟེན་ཆེན་པོ་ཆེན་པོ་ཡོད།
 
མི་ཡུལ་གྱི་བརྩེ་བ་ཡོད་ཚད་ང་ཚོས་མྱངས་ཤིང་།
འཇིག་རྟེན་གྱི་ལྟད་མོ་ཡོད་ཚད་ང་ཚོས་མཐོང་དུས།
སློབ་བུ་ཚོའི་ཁུར་མགོའི་དམར་མདངས་ཡལ་ཤིང་།
དགེ་གྲོགས་ཚོའི་སྐྲ་ལོའི་ཁ་དོག་བསྒྱུར་འདུག
ང་ཚོས།       ཁྱེད་རང་གཏན་ནས་བརྗེད་སོང་བ་འདྲ།
 
བརྗེད་མེད་དེ།     སློབ་བུ་ཚོའི་ཕུགས་འདུན་བརྟན་པ་ཁྱེད་ཀྱི་ཆེད་ཡིན།
དོར་མེད་དེ།    དགེ་གྲོགས་ཚོའི་དཔུང་རྩ་བརྟན་པའང་ཁྱེད་ཀྱི་སླད་ཡིན།
ངོ་མ། རྨི་ལམ་དུ་བརྗིད་པའི་ཇོ་མོ་བླ་རི་དེ་ཁྱེད་ཡིན་ལ།
ཁེར་རྐྱང་དུ་མཁའ་མཐར་འཁྱམས་པའི་ཟླ་བ་དེ་ང་ཡིན།
 
སྐྱེ་རྒུ་ཡ་བདག་གི་གཞིས་ཁྱིམ་དྲོན་མོ།
ང་ཚོ་རྒྱང་རིང་དུ་བསྐྲད་པས།
ཁྱེད་རང་རྒྱང་རིང་དུ་ལུས་སོང་།
རྒྱང་རིང་ནི་རེ་སྨོན་གྱི་སྟོན་ལོ་སེར་པོ་དེ་ཡིན་པས།
སློབ་བུ་ཚོས་ཁྱེད་རང་ཁོ་ན་འཚོལ་གྱིན་འདུག
རྒྱང་རིང་ནི་ཡལ་གྱར་བའི་རྨི་ལམ་མཚར་བོ་དེ་ཡིན་པས།
དགེ་གྲོགས་ཚོས་ཁྱེད་རང་ཁོ་ན་གླེང་གིན་ཡོད།
 
ང་ཚོས་རྒྱང་རིང་འཚོལ་གྱིན་རྒྱང་རིང་ལ་སྙེག་གིན་ཡོད་པས།
རྒྱང་རིང་ནི་སེམས་དང་བསམ་པ་སྦྲེལ་བའི་གསེར་ཟམ་རིང་མོ་དེ་རེད།
ང་ཚོས་རྒྱང་རིང་སྲུང་གིན་རྒྱང་རིང་དུ་བརྩོན་བཞིན་ཡོད་པས།
རྒྱང་རིང་ནི་བཤད་མ་ཚར་བའི་འུ་ཚང་གི་གཏམ་རྒྱུད་རིང་མོ་དེ་རེད།
 
ངོ་མ།
རྒྱང་རིང་ན།   ང་ཚོ་ནི་ལོངས་སྤྱོད་ཡོད་རྒུ་འཛོམས་པའི་སྤྲང་པོ་འབའ་ཞིག
རྒྱང་རིང་ན།   ང་ཚོ་ནི་བརྩེ་བ་མ་ལུས་མྱོང་བའི་དྭ་ཕྲུག་ཚོགས་ཤིག
 
སྐྱེ་རྒུ་ཡ་བདག་གི་བརྩེ་བའི་མཛའ་བོ།
རྒྱང་རིང་ནི་བར་ཐག་མིན་པས།
གས་ཆག་ཤོར་བའི་ལོ་ཟླའི་མཐུད་མཚམས་འདིར
རླུང་གིས་སྐྱོད་པའི་དར་ལྕེ་ཟད་པོ་དེ་ཡང་།
ངའི་འཁྲེང་སེམས་ཡིན་པས།     ང་རང་ཁྱེད་ཀྱི་པང་དུ་ལོག་འདོད།                                                                     
                        ༢༠༡༠་༡༠་༡༠ཏུའུ་ཅང་ཡན་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱེ་རྒུ། ང་རང་ཁྱེད་ཀྱི་པང་དུ་ལོག་འདོད།

2013-04-13 ཚེ་སྒྲོན་སྐྱིད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།