ཞིང་གྲོང་གི་འཚོ་བ།

རྒྱལ་སྲས་གླུ་ལེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-04-06


ལག་གི་སྦར་མོ་དག་མེ་ཏོག་བཞིན
རྐང་ལག་འདི་དག་ཀྱང་མི་ལ་རས་པར་འགྲན་པར་བྱེད
མགོ་བོ་འདི
མགོ་བོ་འདི་ངའི་སེམས་ཀྱི་སྡོང་བོ་ཟིང་ངེ་བ་དེ་རེད
ད་དུང  
སྙིང་རྗེ་བའི་སྙིང་ཤུབས་འདི་ཡང་སྦར་རྫས་ཤིག་སྤར་བ་ལྟར
གས་ལ་ཉེ་ཞིང་འཐོར་ལ་ཉེ

ཕ་ཡུལ་གྱི་ནམ་ཟླ་འདི
འཇས་ཚོན་མ་ཡིན་པའི་འཇའ་ཚོན་ཞིག་གིས་བཀླུབས་ཏེ
ངའི་སེམས་པ་འདི་དང་ཅི་འདྲའི་མཚུངས་ཨང
ནག་དྲེག་གི་ལག་པ་དག་དང་ཅི་འདྲའི་འདྲ་བ་ལའང

ངའི་སེམས་པ་འདི
ཤེལ་མིག་གིས་ངོས་ལས་ཁྲག་དྲི་ཁ་བའི་གསར་བསྒྱུར་དེ་དང་དེ་འདྲའི་བ་ལ
ཕ་ཡུལ་གྱི་ནམ་ཟླ
ཕ་ཡུལ་གྱི་མིང་སྲིང
ཕ་ཡུལ་གྱི་ཟད་ལ་ཉེ་བའི་ཡུལ་ལྗོངས་འདི་ཚོ
སུ་ཞིག་གིས་ཆེད་དུ་འཚོ་འམ

ང་རང་སྔ་ས་ནས་དམིགས་ཡུལ་ཞིག་གིས་ཆེད་དུ་འཚོ་ཞིང་ཡོད
སུ་དང་གང་ལ་ཡང་མེད་པའི་དམིགས་ཡུལ་ཞིག་གིས་ཆེད་དུ
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞིང་གྲོང་གི་འཚོ་བ།

2013-04-06 རྒྱལ་སྲས་གླུ་ལེན། ཀློག་གྲངས། མཆན ཡོད།


ལག་གི་སྦར་མོ་དག་མེ་ཏོག་བཞིན
རྐང་ལག་འདི་དག་ཀྱང་མི་ལ་རས་པར་འགྲན་པར་བྱེད
མགོ་བོ་འདི
མགོ་བོ་འདི་ངའི་སེམས་ཀྱི་སྡོང་བོ་ཟིང་ངེ་བ་དེ་རེད
ད་དུང  
སྙིང་རྗེ་བའི་སྙིང་ཤུབས་འདི་ཡང་སྦར་རྫས་ཤིག་སྤར་བ་ལྟར
གས་ལ་ཉེ་ཞིང་འཐོར་ལ་ཉེ

ཕ་ཡུལ་གྱི་ནམ་ཟླ་འདི
འཇས་ཚོན་མ་ཡིན་པའི་འཇའ་ཚོན་ཞིག་གིས་བཀླུབས་ཏེ
ངའི་སེམས་པ་འདི་དང་ཅི་འདྲའི་མཚུངས་ཨང
ནག་དྲེག་གི་ལག་པ་དག་དང་ཅི་འདྲའི་འདྲ་བ་ལའང

ངའི་སེམས་པ་འདི
ཤེལ་མིག་གིས་ངོས་ལས་ཁྲག་དྲི་ཁ་བའི་གསར་བསྒྱུར་དེ་དང་དེ་འདྲའི་བ་ལ
ཕ་ཡུལ་གྱི་ནམ་ཟླ
ཕ་ཡུལ་གྱི་མིང་སྲིང
ཕ་ཡུལ་གྱི་ཟད་ལ་ཉེ་བའི་ཡུལ་ལྗོངས་འདི་ཚོ
སུ་ཞིག་གིས་ཆེད་དུ་འཚོ་འམ

ང་རང་སྔ་ས་ནས་དམིགས་ཡུལ་ཞིག་གིས་ཆེད་དུ་འཚོ་ཞིང་ཡོད
སུ་དང་གང་ལ་ཡང་མེད་པའི་དམིགས་ཡུལ་ཞིག་གིས་ཆེད་དུ
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།