རི་ཁུག་གི་སྨན་པ།

ཤོ་ཤར་ཚེ་རིང་རྒྱལ་པོ།༼ལྷོ་ཁ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-03-27

སྨན་ཁུག་རྒྱབ་ཏུ་འཁུར་ཞིང་།
གྲིབ་གཟུགས་འགྲོགས་སུ་བརྟེན་ཏེ།
རྡོག་སྒྲ་མེད་པའི་རྐང་རྗེས་སྲབ་པོ།
རི་ཁུག་གི་ཀྱག་ཀྱོག་འཕྲང་ལམ་སྟེང་།
ཡང་ནས་ཡང་དུ་འཇོག་མྱོང་།
རེད་ཡ
སྟབས་བདེ་བའི་སྨན་ཆས་འགའ་དང་།
ཆེས་རྒྱུན་མཐོང་གི་སྨན་སྣ་ཉུང་ངུ་ཞིག་གིས་།
ཉམས་ཆུང་ཞིང་སྟོབས་རྒུད་པའི་།
རི་ཁུག་གི་ནད་པ་མང་པོ།
ཨ་ཚ་དང་ཨ་ནའི་ནད་ཟུག་དྲག་པོ་ལས་གྲོལ་ཞིང་།
འཆི་ཁའི་ཁ་དབུགས་གྲང་མོ།
བྱམས་དང་སྙིང་རྗེའི་སྟོབས་ཤུགས་ལས།
སླར་དྲོན་མོར་གསོས་པ་གྲངས་ཀྱིས་མི་ལངས་།
རི་ཁུག་གི་སྨན་པ།
ཁུ་སིམ་གྱི་རི་ཁུག་མཚན་མོར།
སུ་ཞིག་གིས་སྒོ་གླེག་བརྡུང་མཚམས།
རྟབ་རྟོབ་པོར་ཧར་ལངས་བྱས་ཏེ།
འདྲིས་ཆེ་བའི་སྨན་ཁུག་རྒྱབ་ཏུ་འཁུར།
སུས་ཀྱང་མཐོང་དཀའ་བའི་རྐང་རྗེས་རེ་རེ།
ཀྱག་ཀྱོག་གི་མཚན་མོའི་བགྲོད་ལམ་དུ་བཞག་ཏེ།
ནད་མནར་གྱི་ནད་པ་ག་ལ་བ་དེར་ཕྱོགས་དགོས།
རི་ཁུག་གི་སྨན་པ།
སྙན་གྲགས་ཀྱི་བྲག་ཆ་ཁྱེད་ལ་མེད་ལ།
ཐོབ་ཐང་གི་གཟེངས་བསྟོད་ཀྱང་ཁྱེད་ལ་མེད།
འོན་ཀྱང་ ཁྱེད་ལ་་་་གངས་ལྟར་དཀར་བའི་ཟོལ་མེད་སེམས་པ་གཅིག་མངའ་བས།
ཁྱེད་ནི་ནད་ཀྱི་དགྲ་དཔུང་གཞོམ་པའི་ཐོ་བ་དང་།
ཟས་སྤྱོད་སྤང་བླང་བསླབ་མཁན་གྱི་ཕ་མ།
འཆི་བདག་ཕར་སྤྲོད་ལ་མཁས་པའི་དཔའ་བོ་ཞེས་
གངས་རིའི་རི་ཁུག་ན་འཚོ་བའི་ནད་པ་མང་པོས།
ཁྱེད་ལ་་་་་་གངས་དཀར་ལྷ་རྗེའི་མཚན་སྙན་སེམས་དབུས་སུ་གསོལ་བཞིན་ཡོད།
རི་ཁུག་གི་སྨན་པ།
གྲོང་ཁྱེར་གྱི་འདུ་འཛི་དང་རྒྱང་དུ་ཆོད་པའི་རི་ཁུག་དེ་ན།
ནད་བཅོས་ཀྱི་སྨན་པ་ཟེར་ན་ཁྱེད་ཡིན་ལ། སྔོན་འགོག་གི་བདེ་སྲུང་སྨན་པ་ཟེར་ན་ཡང་ཁྱེད་ཡིན།
བདེ་ཐང་ཤེས་བྱ་ཁྱབ་བསྒྲགས་བྱེད་མཁན་གྱི་ཁྱབ་བསྒྲགས་པ་ཡང་ཁྱེད་ཡིན།
མདོར་ན་་ཁྱེད་ནི་གཞི་རིམ་ཞིང་འབྲོག་མང་ཚོགས་ཚོའི་བདེ་ཐང་གི་སྐྱབས་གནས་གཅིག་པུ་དེའོ་།།།
              ༢༠༡༢ལོའི་བོད་ཟླ་་༢ཚེས་༨ཉིན་དགོང་མོ། ལྷོ་ཁའི་ཤང་ཞིག་ཏུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རི་ཁུག་གི་སྨན་པ།

2013-03-27 ཤོ་ཤར་ཚེ་རིང་རྒྱལ་པོ།༼ལྷོ་ཁ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།