འུ་གཉིས་ཀྱི་འཇིག་རྟེན།

ཡོད་ཚད་ཁ་བཏགས་ལ་བརྫུས་ཤིང་།
ཐམས་ཅད་མཆོག་གསུམ་དུ་སྤྲུལ་བའི་དེ་རིང་།
རེ་སྨོན་གྱི་རྨུ་ཐག་ལ་འཇུས་ཏེ།
ང་རང་།  རྒྱུ་མེད་འབྲས་མེད་ཀྱི་མཁའ་མཐར་བརྒལ་འདོད།
 
ནམ་ཞིག་གི་དུས་ལ།
ཇོ་མོ་བླ་རིའི་དབུ་རྩེ་མཐོ་རུ་འཕགས་ཏེ།
སྔོ་བསངས་མའི་དབུས་སུ་མི་མངོན་པའི་བུ་ག་བརྟོལ་ཞིང་།
གོ་ལ་ཟླུམ་པོའི་རྒྱབ་ངོས་སུ་ལྐོག་གྱུར་གྱི་བར་སྟོང་གཞན་ཞིག་ཕྱེས་ངེས་ན།
ཕྱོགས་དེར་མཆོངས་བའི་ཕར་ངོས་ན་བུད་པའི་རྣམ་ཤེས་གསར་བ་དེ་ང་རང་ཡིན་སྲིད།
 
སྟེང་ཕྱོགས་ན་ཅི་ཞིག་ཡོད་པ་ངས་མི་རྟོགས་ལ་ལྷས་ཀྱང་མི་མཁྱེན་མོད།
ང་འདི་ལྟར་ཁེར་རྐྱང་གིས་ལུས་ཤིང་ན་ཟུག་གིས་འཚོ་བ་ལས།
སྟེང་ཕྱོགས་ཀྱི་འཕྲང་འགག་དེ་ཇི་འདྲ་དོགས་ཀྱང་རུང་།
ངས་ཁྲོ་ལུའི་ལྷ་ཞགས་ཐོགས་ཤིང་སྒྲིབ་ཤིང་གྱོན་ཐུབ་པའི།
རྨི་ལམ་མེད་པའི་རྨི་ལམ་ཐེངས་ཤིག་རུམ་ན་འདོད།
 
ནམ་ཞིག་གི་དུས་ལ།
ལྷའམ་མཆོག་གསུམ་གང་རུང་གི་བྱིན་རླབས་ཀྱིས།
ངས་ལྷ་ཞགས་ཐོགས་ཤིང་སྒྲིབ་ཤིང་གྱོན་པའི་དུས་དེར།
དུས་མཐའི་སྐད་ཅིག་མའི་དུས་མཐར་གཏུགས་ཀྱང་།
ང་རང་ཁྱེད་དང་འབྲལ་བའི་སྟ་གོན་ཡེ་ནས་མེད།
ཨ་ཇོ་ལགས།   ཁྱེད་ཀྱིས་བརྩེ་བའི་ཕྱག་ཟུང་མ་ལྷོད་དང་།
འུ་གཉིས་ཀྱི་འཇིག་རྟེན་ལ་ཕྱི་ནང་ཡོད་མི་སྲིེད།
                                                       ༢༠༡༢་༥་༡༠ཉིན། ཟི་ལིང་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འུ་གཉིས་ཀྱི་འཇིག་རྟེན།

2013-02-08 ཚེ་སྒྲོན་སྐྱིད། ཀློག་གྲངས། མཆན ཡོད།

ཡོད་ཚད་ཁ་བཏགས་ལ་བརྫུས་ཤིང་།
ཐམས་ཅད་མཆོག་གསུམ་དུ་སྤྲུལ་བའི་དེ་རིང་།
རེ་སྨོན་གྱི་རྨུ་ཐག་ལ་འཇུས་ཏེ།
ང་རང་།  རྒྱུ་མེད་འབྲས་མེད་ཀྱི་མཁའ་མཐར་བརྒལ་འདོད།
 
ནམ་ཞིག་གི་དུས་ལ།
ཇོ་མོ་བླ་རིའི་དབུ་རྩེ་མཐོ་རུ་འཕགས་ཏེ།
སྔོ་བསངས་མའི་དབུས་སུ་མི་མངོན་པའི་བུ་ག་བརྟོལ་ཞིང་།
གོ་ལ་ཟླུམ་པོའི་རྒྱབ་ངོས་སུ་ལྐོག་གྱུར་གྱི་བར་སྟོང་གཞན་ཞིག་ཕྱེས་ངེས་ན།
ཕྱོགས་དེར་མཆོངས་བའི་ཕར་ངོས་ན་བུད་པའི་རྣམ་ཤེས་གསར་བ་དེ་ང་རང་ཡིན་སྲིད།
 
སྟེང་ཕྱོགས་ན་ཅི་ཞིག་ཡོད་པ་ངས་མི་རྟོགས་ལ་ལྷས་ཀྱང་མི་མཁྱེན་མོད།
ང་འདི་ལྟར་ཁེར་རྐྱང་གིས་ལུས་ཤིང་ན་ཟུག་གིས་འཚོ་བ་ལས།
སྟེང་ཕྱོགས་ཀྱི་འཕྲང་འགག་དེ་ཇི་འདྲ་དོགས་ཀྱང་རུང་།
ངས་ཁྲོ་ལུའི་ལྷ་ཞགས་ཐོགས་ཤིང་སྒྲིབ་ཤིང་གྱོན་ཐུབ་པའི།
རྨི་ལམ་མེད་པའི་རྨི་ལམ་ཐེངས་ཤིག་རུམ་ན་འདོད།
 
ནམ་ཞིག་གི་དུས་ལ།
ལྷའམ་མཆོག་གསུམ་གང་རུང་གི་བྱིན་རླབས་ཀྱིས།
ངས་ལྷ་ཞགས་ཐོགས་ཤིང་སྒྲིབ་ཤིང་གྱོན་པའི་དུས་དེར།
དུས་མཐའི་སྐད་ཅིག་མའི་དུས་མཐར་གཏུགས་ཀྱང་།
ང་རང་ཁྱེད་དང་འབྲལ་བའི་སྟ་གོན་ཡེ་ནས་མེད།
ཨ་ཇོ་ལགས།   ཁྱེད་ཀྱིས་བརྩེ་བའི་ཕྱག་ཟུང་མ་ལྷོད་དང་།
འུ་གཉིས་ཀྱི་འཇིག་རྟེན་ལ་ཕྱི་ནང་ཡོད་མི་སྲིེད།
                                                       ༢༠༡༢་༥་༡༠ཉིན། ཟི་ལིང་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།