རང་ཉིད་བཀླགས་པ།


མཚན་མོའི་སྐར་ཁུང་ལ་ཁ་དོག་མེད་པའི་
གྲིབ་མའི་སྣང་བརྙན་ལ་རྐང་ལག་དང་མགོ་བོ་བྲིས་རྗེས་
བརྡབ་གསིག་ཅི་ཡང་མེད་པའི་མུན་ནག་གི་བྲང་གཞུང་ལ་ལག་པ་བསྲིངས་ཏེ་
ཁྱེད་དང་མཉམ་དགའ་མཉམ་འཐུང་བྱེད་བྱ་  ཆང་རག་ཕོར་གང་གིས་ཆོག་གི།  

སྟོང་ལྷང་ལྷང་གི་ནག་ཉེས་དེ་
སྟོན་པའི་ལྷུང་གཟེད་ལ་མཆོད་རྫས་ཀྱི་མ་གང་བའི་ལས་འབྲས་སུ་བརྩི་ཆོག་ཀྱང་
ལྗོན་ཤིང་གི་བརྩེ་བ་འཐོར་བའི་  དུས་ཚོད་དང་ཁ་རླུང་གི་དབར་ལ་
རང་ཉིད་ནི་རང་ཉིད་སྟེ་  
ཁེར་པོའི་འཚོ་བ་གོམས་ལོབས་སུ་སོང་བས་
སུ་གང་གི་ཆེད་  རླུང་གི་སྐེ་ལ་ཞགས་པ་གཏན་ནས་གཡུགས་མ་མྱོང།
                2012.10.29 ཉིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་ཉིད་བཀླགས་པ།

2013-02-03 གཞིས་སྨྱོན། ཀློག་གྲངས། མཆན ཡོད།


མཚན་མོའི་སྐར་ཁུང་ལ་ཁ་དོག་མེད་པའི་
གྲིབ་མའི་སྣང་བརྙན་ལ་རྐང་ལག་དང་མགོ་བོ་བྲིས་རྗེས་
བརྡབ་གསིག་ཅི་ཡང་མེད་པའི་མུན་ནག་གི་བྲང་གཞུང་ལ་ལག་པ་བསྲིངས་ཏེ་
ཁྱེད་དང་མཉམ་དགའ་མཉམ་འཐུང་བྱེད་བྱ་  ཆང་རག་ཕོར་གང་གིས་ཆོག་གི།  

སྟོང་ལྷང་ལྷང་གི་ནག་ཉེས་དེ་
སྟོན་པའི་ལྷུང་གཟེད་ལ་མཆོད་རྫས་ཀྱི་མ་གང་བའི་ལས་འབྲས་སུ་བརྩི་ཆོག་ཀྱང་
ལྗོན་ཤིང་གི་བརྩེ་བ་འཐོར་བའི་  དུས་ཚོད་དང་ཁ་རླུང་གི་དབར་ལ་
རང་ཉིད་ནི་རང་ཉིད་སྟེ་  
ཁེར་པོའི་འཚོ་བ་གོམས་ལོབས་སུ་སོང་བས་
སུ་གང་གི་ཆེད་  རླུང་གི་སྐེ་ལ་ཞགས་པ་གཏན་ནས་གཡུགས་མ་མྱོང།
                2012.10.29 ཉིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།