སྲིན་མོ་གན་རྐྱལ།

     ----------སྲིན་མོ་གན་རྐྱལ་གྱི་ཚོན་མདོག་གི་འདྲ་པར་ཞིག་མཐོང་རྗེས།

ངོ་གདོང་ཁེབས་པའི་མིག་ཟུང་གིས།
མཐོན་མཐིང་གི་ཞུན་མ་གྱོན་པའི་ནམ་མཁར་ལྟ་དུས།
འོད་གསལ་གྱི་གོ་ལའི་ཚོགས །
རི་རབ་ཀྱི་ཐོར་ཅོག་ཏུ་བཅིབས་པའི་བུ་ཡུག་བཞིན །
ངའི་སྤྱི་གཙུག་གམ་མིག་དབང་དུ  །
གྲིབ་གཟུགས་དང་མུན་པ་བརྩེགས་མར་སྤུངས །
རྐྱེན་དེ་ཡིས །  བྲང་གཞུང་གི་མེ་ལྕེ་དམར་པོས །
འཁྱགས་རེངས་དང་སྒལ་ཚིགས་ཀྱི་ལྷུ་ཚིགས་རེ་རེ །
རྡུལ་སྤྲུགས་བཞིན་གཡོ་ཞིང་སྐྱོམ་ནའང་།
བརྟན་བརླིང་གི་རི་རབ་བཞིན་སྒུལ་དཀའ་བས །
སྔར་བཞིན་དབུགས་དབྱུང་གི་ཞབས་འོག་ཏུ་ལུས །
རྨི་ལམ་བཙལ་བའི་སེམས་ངལ་ཡང་འཁུར་ནས །
བསམ་གཞིག་གི་རླབས་གཉེར་ལག་མཐིལ་དུ་བསྡུ་དུས །
སྲ་བརྟན་གྱི་ལུས་པོ་འདི །  ནམ་ཡང་ལྗིད་ཏིག་གེར །
མི་ཡུལ་འདིར་འགྲེངས་མ་ཐུབ །
གཟུགས་མེད་སྲ་མཁྲེགས་ཀྱིས་མནན་པའི །
ངའི་གཉོམ་ཆུང་གི་ཡན་ལག་རེ་རེ།
ས་རུ་བསྙལ་བའི་ལོ་དང་ཟླ་བའི་བར་ནས །
གངས་ཆབ་རེས་མོས་ཀྱིས་གཙེ་ནའང་།
ཐོལ་གྱིས་འཕྱུར་བའི་རྡུལ་འཚུབ་དང་།
རྔམ་བརྗིད་ཀྱི་ལང་ཚོ་འབར་བའི་གངས་རིའི་ཚོགས།
ད་དུང་ཚེ་སྲོག་གི་ཕུང་པོ་མཐའ་དག
མཚོ་ལ་འཛུལ་དོགས་ཀྱིས་འདེགས་དགོས་བྱུང་།
སྙིང་ཁའི་ན་ཟུག་འདི །
སྡེར་མོས་འདྲེད་དགོས་བསམས་ཀྱང་།
རྒྱན་ཆ་བཞིན་ངའི་ལུས་པོ་ཡོངས་རྫོགས །
དཀྱིལ་འཁོར་ནས་དཀྱིལ་འཁོར་དུ་གྲུབ་པས །
ཟུག་རྔུའི་ལང་ཚོ་ཕྱོགས་བཅུར་རྒྱས་མོད །
སྐྲ་དང་སེན་མོ་འབའ་ཞིག་ལ །
དབྱར་གྱི་ཆུ་མོའི་སྟངས་སྟབས་གཡར་ཡོད །
གངས་དཀར་གྱི་དབུ་རྩེ །
ཡང་ཡང་ངའི་ཡ་ཐོད་དུ་འཁྱུད་དུས །
ང་རང་གནའ་སྔ་མོའི་གཏམ་རྒྱུད་ལ་མགོ་བོ་བསྙེས་ཏེ །
ཡུམ་བུ་བླ་མཁར་གྱི་སྐས་ཐེམ་བརྒལ་ནས །
ཡར་ཀླུང་གཙང་བོའི་རླབས་རྒྱུན་གྱིས་འཁུར་དུ་འཇུག་འདོད །
ང་དྲན་མེད་དུ་རྒྱལ་དུས་ག་དུས་ཡིན་ནམ །
གན་རྐྱལ་དུ་ཉལ་དུས་དྲན་པ་ནི་སང་འདུག་ལ །
ད་དུང་རྣ་ལམ་དུ་འཕུར་འོང་བ་ནི །
ང་ལ་བཏགས་པའི་འཇིགས་རུང་གི་མིང་བྱང་དེ་ཁོ་ན་ཡིན །
ང་ལ་སུ་ཞིག་ཡིན་ཡང་སྐྲག་ནའང་།
ང་ཁྱོད་ཚོར་ཧ་ཅང་བརྩེ །
སྐྱ་རེངས་ཀྱི་འོད་སྣང་ཐོད་དུ་ལེན་ཐེངས་རེ་ལ །
ཨ་ཙི  ང་ལུས་པོའི་བྲན་གཡོག་རེད །
གན་རྐྱལ་དུ་ཉལ་བའི་དུས་ནས་བཟུང་།

     ༢༠༡༡་༡༠་༢༥ཉིན ། 
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲིན་མོ་གན་རྐྱལ།

2013-07-20 གངས་སྨྱུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།