འཁོར་བ།༼ཞར་བཀོད་བཞི་ཡོད༽

          རྣམ་ཤེས་འཁྱམས་པོ་སྐོར་ཞིག

མུ་མེད་པའི་ནགས་ཚལ་ཆེན་པོ་ཞིག་ཏུ་ཚོགས་ཏེ།
འདོད་ཧམ་དང་གཡོ་སྒྱུའི་དཀྱིལ་འཁོར་ཆེན་པོ་ཞིག་བཟོས།
དཀྱིལ་འཁོར་དེ་དོན་དུ་སྨུག་རྒྱུ་ཙམ་ཡིན་ནའང་།
ཁོ་ཚོ་དེ་རུ་མགོ་རྔ་མེད་པའི་རྐང་བྲོ་འཁྲབ་པར་དགའ།
གལ་ཏེ་འཇིག་རྟེན་ནི་ཅིས་ཀྱང་དཀར་ནག་གཉིས་སུ་བགོ་དགོས་པ་ཡིན་ན།
ནགས་ཚལ་ཆེན་པོ་དེར་མུན་པ་འབའ་ཞིག་འཁོར།
མུན་པའི་ནང་གི་འཇའ་ཚོན་དང་འོད་སྣང་ནི།
མཐར་གཏུགས་ན་རྒྱུག་རྒྱུག་ནས་ཐང་ལ་སྡོད་དུས་ཀྱི་ཚོར་བ་ཙམ་ཡིན།
ནགས་ཚལ་དེའི་མཐའ་ལ་སྙེག་པའང་།
ནམ་མཁའི་མཐའ་ལ་སྙེག་པ་ཙམ་ལས་མ་འདས་པས།
ནགས་ཚལ་དེ་ཁོ་ནའི་གཞི་རུ།
ད་བཟོད་ཤེས་རབ་ཀྱི་གྲིབ་མ་མཐོང་ངེས།
ནགས་ཚལ་དང་ནགས་ཚལ་གྱི་བར་ན།
ལག་པ་བསྲིངས་ནས་རེག་ཆོག་པའི་བར་ཐག་ལས་མེད་ནའང་།
ནགས་ཚལ་གཅིག་ནས་ནགས་ཚལ་གཞན་ཞིག་ལ་འགྲོ་བ་ནི།
ཚེ་ཚེ་རབས་རབས་ཀྱི་འགྲུལ་བཞུད་རིང་མོ་ཞིག་སྟེ།
བེམ་པོ་ཟད་ནས་རྣམ་ཤེས་ཉིད་གཅེར་བུར་བུད་ཀྱང་།
ད་དུང་ཨ་ལོང་ཞིག་ཏུ་བསྐོར་བ་བྱེད་པ་ནང་བཞིན།
འགྲོ་མཚམས་མ་བཞག་བར་དུ་སོང་མི་ཚར་བ་ཞིག་གོ།
                  2013/04/12

         རྒན་པོ་དང་ཤོག་བྱ།

མི་ཚེ་གཅིག་ལ་སོང་ཡང་མི་ཚར་བའི་བགྲོད་ལམ་དེ།
སྔར་བཞིན་ཀྱག་ཀྱོག་དང་མཐའ་བྲལ་དུ་གནས་པ་ཇི་བཞིན།
འདོད་སྲེད་ཀྱི་སྐུད་པ་ཕྲ་མོ་དེ་ཅི་ཙམ་བསྲིངས་པ་དེ་སྲིད་དུ།
སྟོང་བསམ་གྱི་དབྱིངས་ཆེན་པོ་དེར་མགོ་བོ་འཐོམས་ནས།
སྐད་ཅིག་ཙམ་གྱི་ངལ་གསོ་ཡང་མྱོང་ཐབས་མི་འདུག

མི་ཚེ་ནི་མཚན་མོ་རིང་བོ་ཞིག་ཡིན་པའི་དབང་ན།
རྨི་ལམ་ཡག་པོ་ཞིག་གི་མཇུག་བསྐྱང་འདོད་ཀྱི་ཧམ་པ་ནི།
ཤོག་བྱ་དེ་མི་མངོན་པའི་གནས་སུ་སྤུར་བྱེད་ཀྱི་རླུང་དང་བསེར་བུ།
མིག་འོད་དང་རེ་སྨོན་ལས་ཅི།
དུས་ཀྱི་མཐའ་ལ་བསླེབས་ནའང་།
ད་དུང་ཤོག་བྱ་ཙམ་སྤུར་ནས་རེ་བ་མཚོན་པ་ནི།
ཐ་སྙད་ཀྱི་རྣམ་གཞག་ལ་རྨོངས་དྲགས་ནས།
རང་ཉིད་དུས་གཏན་དུ་འཁོར་བའི་གཞི་རུ།
ལྕགས་ཐག་གིས་འདོགས་ཚུལ་ལས་མ་འདས་ཤིང་།
ཧམ་སེམས་ཀྱི་རྗེས་ན་ལུས་པའི་ཡན་ལག་ནི།
ཞེན་ཆགས་ཀྱི་གཞི་ལ་བཏབ་པའི་ལྕགས་གཟེར་རེ་རེ་ལས་མ་འདས་སོ།།

ནམ་ཞིག་རླུང་དྲག་པོ་ཞིག་ལྡང་བར་གྱུར་ན།
སྐུད་པ་ཕྲ་མོ་དེ་གཏོང་རོགས་མཛོད་ཅིག
དེ་ནས་བཟུང་མི་ཡུལ་གྱི་ནག་ནོག་ལ་སྣང་བ་འཇོག་དགོས་མི་འདུག
                  2013/04/28

        བློ་བཟང་རྒྱ་མཚོ།

སྒྱུ་མ་མཁན་གྱིས་སྤྲུལ་བའི་ཕུག་རོན་དཀར་བོ་དེ།
ངའི་ལག་གི་མེ་ཏོག་རྐང་གཅིག་ཏུ་གྱུར་ཅིང་།
མེ་ཏོག་དེའི་འདབ་མ་རེ་རེ་ལས།
ངས་ཉིན་ཞག་སྟོང་གི་གཏམ་རྒྱུད་ཀྱི་སྙིང་བོ་བཙལ།
སྤྲུལ་བ་བཤིག་པའི་དུས་སུ།
མེ་ཏོག་དེ་ནི་ངས་རང་གིས་རང་ལ་དྲིས་ཤིང་།
ལན་རྙེད་དུ་མེད་པའི་དྲི་བ་ཙམ་ལས་མ་འདས་པས།
འདབ་མའི་སྟེང་གི་ཟིལ་ཐིགས་དེ་དག
ངའི་སྙིང་གི་མེ་འོབས་སུ་གཏོར་རོགས།
མུན་པ་ནས་མུན་པར་བབས་ཤིང་།
མུན་པའི་ཁྲོད་དུ་འོད་ཟེར་ཙམ་ཡང་མཐོང་འདོད་མེད་པ་བདག་ལ།
མུན་པ་ཁོ་ནའི་དབུགས་དབྱུང་སྩོལ་ཅིག
སྒྱུ་མ་མཁན་གྱི་སྔགས་རྫས་དང་ཕྱག་རྒྱ་དག་གིས།
མི་རྣམས་འཁྲུལ་སྣང་གི་ནང་ནས་བཟི་རུ་འཇུག་པ་ལྟར་དུ།
ང་རང་སྣང་བ་ཟ་ཟི་འདི་ལ་འཐིམ་དུ་ཆུགས་ཤིག
སྒྱུ་མའི་སྤྲུལ་རྫས་དེ་དག
ཕན་ཚུན་དང་དབྱེར་དུ་འདྲེས་འགྲོ་བ་ལྟར་དུ།
ནམ་ཞིག་ང་རང་ཁྱོད་ཀྱི་ཆ་ཤས་གང་རུང་བར་འགྱུར་ངེས།
                2013/03/01

          མལ་ཐུལ་ཉི་མར་ལྡེ་བ།

མདང་དགོང་གི་རྨི་ལམ།
ད་དུང་དྲན་པའི་གཞི་རུ་གསལ།

དྲི་མ་ཁ་བའི་རྔུལ་ཆུའི་ཚོགས།
རླངས་པ་ཐོལ་ཐོལ་དུ་གྱུར་ནས་སྤྲིན་པར་འདྲེས།

ཉི་འོད་ནང་གི་ཟེར་རྡུལ།
ངའི་མལ་ཐུལ་གྱི་ནང་ལ་འཁྱིལ་ཡོད།

            དོ་དགོང་།

དོ་དགོང་སླར་ཡང་རྨི་ལམ་རྨི་ཆོག
           2013/05/03

       དྲང་མོར་བཤད་ན།

རྡོ་བ་གྲང་མོའི་ཚོགས་ལ་ཤིང་ཆ་རྫུན་མས་ལྷན་པ་བརྒྱབ་པའི་ཁང་བ་འདི་ང་ལ་མི་དབང་།
འདིའི་རྩིག་པའི་ངོས་ཀྱི་དཔེ་སྒྲོམ་དང་།
དཔེ་སྒྲོམ་ནང་གི་བློ་སྦྱོང་སྐོར་གྱི་གླེགས་བམ་དེ་དག་ཀྱང་ང་ལ་མི་དབང་།

ཐ་ན་སྔས་འགྲམ་གྱི་ཟངས་རྐོང་ཆུང་ཆུང་དེ་དང་།
དེའི་ཁ་ཡི་འོད་སྣང་ཉག་ཕྲ་བ་དེ་ཡང་ང་ལ་མི་དབང་།

ལག་པ་ཅི་ཙམ་གཡུགས་ཀྱང་ཐོགས་རེག་མེད་པའི་ནམ་མཁའ་སྟོང་བ་འདི་ང་ལ་མི་དབང་།
འདིའི་དབྱིངས་རིམ་ན་རྒྱུ་བའི་མཁའ་དབུགས་དེ་དང་།
མཁའ་དབུགས་ཁྲོད་ཀྱི་བསེར་བུ་དང་ས་རྡུལ་ཀྱང་ང་ལ་མི་དབང་།

གཏམ་རྒྱུད་ཅིག་ཤར་མར་བྲིས་རྗེས་ཀྱི་སྦྱར་བྱང་ང་ལ་མི་དབང་།
སྦྱར་བྱང་དེའི་ངོས་ལ་གསལ་བའི་དུས་ཚོད་ཀྱང་ང་ལ་མི་དབང་།

རླུང་དམར་ཞིག་གིས་ཁ་མིག་ཡོངས་སུ་བསྒྲིབས་རྗེས།
གད་སྙིགས་དག་གིས་ཡོངས་སུ་བཀང་བའི་རྩྭ་ཐང་འདི་ང་ལ་མི་དབང་།
ཆུ་ཕྲན་ཆུང་ངུ་འདི་དང་རྫིང་བུ་སྙོག་པ་འདི་ཡང་ང་ལ་མི་དབང་།

ཐ་ན་རྩི་ཤིང་རྐང་གཅིག་དང་ལམ་ཕྲན་ཡུག་གཅིག་ཀྱང་ང་ལ་མི་དབང་།
                                    2013/04/19

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁོར་བ།༼ཞར་བཀོད་བཞི་ཡོད༽

2013-06-15 འཆིང་གྲོལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།