མཚན་མོའི་གསེབ་ཀྱི་ཁེར་རྐྱང་།

བོའུ་རྡེའུ།༼ཀན་ལྷོ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-06-06

                          ཁེར་རྐྱང་གི་མཚན་མོའི་གསེབ་ན
                         ཁྱོད་དྲན་བཞིན་པའི་ངའི་སེམས་པ
                         རྡོ་བ་བཞིན་ཧ་ཅང་ལྕི
 
                          འཁྱག་སིབ་སིབ་ཀྱི་རླུང་བུ་ཡང་མོས
                          གློ་བུར་དུ་ངའི་སེམས་པ་སྒུལ་ཞིང
                          རང་ཉིད་ཀྱི་བྲང་ཁ་བསྲོ་བྱེད་ལྟ་བའི
                          ཁྱོད་ཀྱི་དྲོད་ཁོལ་བསླང་དུ་བཅུག
 
                         རུས་རྐང་གི་ཟབ་ས་དང
                         དྲན་གདུང་གི་གཏིང་རིམ་ན་ཟུག་པའི
                         ཁྱོད་ཀྱི་རྙིང་རྒྱུ་མེད་པའི་མཛེས་སྡུག
                         ཁེར་རྐྱང་ངའི་རྨི་ལམ་གྱི་ཁ་དོག་ཁོ་ན
 
                         ཟླ་འོད་དང་སྐར་ཚོགས
                         ད་དུང    ངའི་སྔས་འགྲམ་གྱི་འདྲ་པར
                         ཡོད་ཚད་སྐྱ་ཐང་ཐིང་ལས
                         ཚོན་མདངས་ཤིག་གང་ནས་འཆར་སྲིད་དམ
 
                          སེམས་ཀྱི་ཚེར་མ་ལགས
                                                                             

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་མོའི་གསེབ་ཀྱི་ཁེར་རྐྱང་།

2013-06-06 བོའུ་རྡེའུ།༼ཀན་ལྷོ༽ ཀློག་གྲངས། མཆན ཡོད།

                          ཁེར་རྐྱང་གི་མཚན་མོའི་གསེབ་ན
                         ཁྱོད་དྲན་བཞིན་པའི་ངའི་སེམས་པ
                         རྡོ་བ་བཞིན་ཧ་ཅང་ལྕི
 
                          འཁྱག་སིབ་སིབ་ཀྱི་རླུང་བུ་ཡང་མོས
                          གློ་བུར་དུ་ངའི་སེམས་པ་སྒུལ་ཞིང
                          རང་ཉིད་ཀྱི་བྲང་ཁ་བསྲོ་བྱེད་ལྟ་བའི
                          ཁྱོད་ཀྱི་དྲོད་ཁོལ་བསླང་དུ་བཅུག
 
                         རུས་རྐང་གི་ཟབ་ས་དང
                         དྲན་གདུང་གི་གཏིང་རིམ་ན་ཟུག་པའི
                         ཁྱོད་ཀྱི་རྙིང་རྒྱུ་མེད་པའི་མཛེས་སྡུག
                         ཁེར་རྐྱང་ངའི་རྨི་ལམ་གྱི་ཁ་དོག་ཁོ་ན
 
                         ཟླ་འོད་དང་སྐར་ཚོགས
                         ད་དུང    ངའི་སྔས་འགྲམ་གྱི་འདྲ་པར
                         ཡོད་ཚད་སྐྱ་ཐང་ཐིང་ལས
                         ཚོན་མདངས་ཤིག་གང་ནས་འཆར་སྲིད་དམ
 
                          སེམས་ཀྱི་ཚེར་མ་ལགས
                                                                             

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།