མུན་པའི་ངོས་སུ་འཁྲབ་པའི་བརྩེ་བ།

 

          ____སྤུན་ཟླ་ཞིག་དང་དེའི་མཛའ་གྲོགས་བར་ལ་འགལ་བ་ཞིག་བྱུང་བས།
མགོ་བོ་ནི་རྒྱ་ལྕང་ཞིག་ལ་གླན་ནས་སེམས་པ་ཕྱི་སློག་ནང་སློག་ཅིག་རྒྱབ་རྗེས
འཁྲུལ་སྣང་གི་ལྡེབས་སུ་འཚེར་བའི་འོད་ཀྱི་འཛུམ་རིས་དེ་མཐོང་འོང
དེ་ཡང    འདས་ཟིན་པ་ཞིག་མིན་ན
མུན་ནག་གི་ཁུགས་པ་རུ་དཔྱངས་པའི་སྙིང་གི་བརྩེ་བ་དེ་དག་གང་ལ་འཇོག
 
ལོ་འདབ་དེའི་ཟུར་གྱི་ཟླ་འོད་ནི་ཁྱོད་ཀྱིས་ཆེས་ཡིད་སྣང་བྱེད་ས་ཞིག་ཏུ་རློམ་ནས
ཁ་རོག་གེར    ཁུ་སིམ་པའི་ལོ་ཟླ་ཞིག་གི་གཏམ་རྒྱུད་བསྐུར་འགྲོ
གཏམ་རྒྱུད་དེའང  ཁྱོད་དང་སུ་ཞིག་གིས་བཞག་པའི་རྨི་ལམ་གྱི་རྒྱབ་ལྗོངས་རེད་ཨང
མིག་ཆུ་ཤམ་ཤམ  ཁྱོད་ཀྱིས་རང་ཉིད་ཀྱང་ལེ་དབར་སྟོང་ཕྲག་ཅིག་གི་ཕ་རོལ་དུ་སྐྱེལ
 
དེ་ནི  བརྩེ་བའི་རྣམ་ཤེས་དག་རྒྱང་རིང་དུ་འཕུར་ཟིན་པའི་སྟོན་ལོ་བཞིན
ཤུལ་དུ་ལུས་པ་ནི་སྡུག་གི་ཆུ་བོ་བཀང་བར་བྱས་པའི
ཆུ་རྫ་གས་ཤོར་ཞིག་གི་བམ་རོ་ལས་མི་འདུག་པའི་ཁྱོད
ཁོ་བོའི་ཆེད་དུ་ཡར་ལ་ལྡིང་ཞིང་མར་ལ་མཆོང་གིན་འདུག
 
ཁྱོད་ཀྱིས་བཤད་ན   འདི་དག་ཐམས་ཅད་ནི་ཁོ་བོ་ལན་པས་རེད་ཟེར
ཁོ་བོས་བཤད་ན    དེ་དག་ཐམས་ཅད་ཀྱང་ཁྱོད་ཀྱི་ལན་པས་རེད་ཟེར
གང་ལྟར་ཀྱང     བདག་གིས་སེམས་ན་དེ་དག་ནི་གང་ཡང་མིན་དེ
མ་གཞི    ཁྱོད་ཚོའི་བརྩེ་བ་ནི་འཁྲུལ་སོ་ལྡན་པ་ཞིག་ཡིན་པས་སོ
                     ༢༠༡༣ལོའི་ཟླ་༨ཚེས་༦གི་དགོང་མོར་བྲིས།        
 
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མུན་པའི་ངོས་སུ་འཁྲབ་པའི་བརྩེ་བ།

2013-10-09 ཇ་ལོ་དམར་པོ། ཀློག་གྲངས། མཆན ཡོད།

 

          ____སྤུན་ཟླ་ཞིག་དང་དེའི་མཛའ་གྲོགས་བར་ལ་འགལ་བ་ཞིག་བྱུང་བས།
མགོ་བོ་ནི་རྒྱ་ལྕང་ཞིག་ལ་གླན་ནས་སེམས་པ་ཕྱི་སློག་ནང་སློག་ཅིག་རྒྱབ་རྗེས
འཁྲུལ་སྣང་གི་ལྡེབས་སུ་འཚེར་བའི་འོད་ཀྱི་འཛུམ་རིས་དེ་མཐོང་འོང
དེ་ཡང    འདས་ཟིན་པ་ཞིག་མིན་ན
མུན་ནག་གི་ཁུགས་པ་རུ་དཔྱངས་པའི་སྙིང་གི་བརྩེ་བ་དེ་དག་གང་ལ་འཇོག
 
ལོ་འདབ་དེའི་ཟུར་གྱི་ཟླ་འོད་ནི་ཁྱོད་ཀྱིས་ཆེས་ཡིད་སྣང་བྱེད་ས་ཞིག་ཏུ་རློམ་ནས
ཁ་རོག་གེར    ཁུ་སིམ་པའི་ལོ་ཟླ་ཞིག་གི་གཏམ་རྒྱུད་བསྐུར་འགྲོ
གཏམ་རྒྱུད་དེའང  ཁྱོད་དང་སུ་ཞིག་གིས་བཞག་པའི་རྨི་ལམ་གྱི་རྒྱབ་ལྗོངས་རེད་ཨང
མིག་ཆུ་ཤམ་ཤམ  ཁྱོད་ཀྱིས་རང་ཉིད་ཀྱང་ལེ་དབར་སྟོང་ཕྲག་ཅིག་གི་ཕ་རོལ་དུ་སྐྱེལ
 
དེ་ནི  བརྩེ་བའི་རྣམ་ཤེས་དག་རྒྱང་རིང་དུ་འཕུར་ཟིན་པའི་སྟོན་ལོ་བཞིན
ཤུལ་དུ་ལུས་པ་ནི་སྡུག་གི་ཆུ་བོ་བཀང་བར་བྱས་པའི
ཆུ་རྫ་གས་ཤོར་ཞིག་གི་བམ་རོ་ལས་མི་འདུག་པའི་ཁྱོད
ཁོ་བོའི་ཆེད་དུ་ཡར་ལ་ལྡིང་ཞིང་མར་ལ་མཆོང་གིན་འདུག
 
ཁྱོད་ཀྱིས་བཤད་ན   འདི་དག་ཐམས་ཅད་ནི་ཁོ་བོ་ལན་པས་རེད་ཟེར
ཁོ་བོས་བཤད་ན    དེ་དག་ཐམས་ཅད་ཀྱང་ཁྱོད་ཀྱི་ལན་པས་རེད་ཟེར
གང་ལྟར་ཀྱང     བདག་གིས་སེམས་ན་དེ་དག་ནི་གང་ཡང་མིན་དེ
མ་གཞི    ཁྱོད་ཚོའི་བརྩེ་བ་ནི་འཁྲུལ་སོ་ལྡན་པ་ཞིག་ཡིན་པས་སོ
                     ༢༠༡༣ལོའི་ཟླ་༨ཚེས་༦གི་དགོང་མོར་བྲིས།        
 
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།