ལག་འཇུ་ཞིག་གི་གོ་དོན།

ཁྲི་བསྟན་པ་རྒྱལ་མཚན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-09-05

 

 

ཁྱེད་ཀྱི་གསེར་འོད་ཤན་པའི་ལག་པ་དེའི་འོད་ཐུག་རེ་རེར་འཇུས་པའི་
ཁབ་ལེན་གྱི་རྡུལ་ཕྱེ་ཚོགས  
ངའི་ལུས་སྟེང་དུ་ཁྱོད་སར་བགྲོད་པའི་ཐར་ལམ་རྙེད་ཀྱིན་འདུག
ཕལ་བའི་སྒལ་ཚིགས་སྟེང་ལ་ལམ་ཆེན་ཡོད་པ་ཨེ་ཡིན
མི་ཚོགས་འདིའི་རྡོག་པའི་འོག་ཏུ
ཨ་ཨ་་་ཚ་གི་འདུག  གཟེར་གི་འདུག  ན་གི་འདུག
གང་ལྟར་ཁྱེད་ཀྱི་ལག་པ་དེ་ཨོ་པ་མ་ཡིས་གཏན་ནས་ཁུག་མི་སྲིད
ཁྱེད་ཀྱི་ལག་པ་ནས་བཟུང་བའི་མི་དེ་དག་གིས་ཀླུ་ཡི་བང་མཛོད་སྒུལ་གྱིན་འདུག
ལྷ་ཡི་ཕོ་བྲང་གཡོ་བཞིན་འདུག
ཁྱོད་ཀྱི་ལག་པ་དེས
བྱིན་རླབས་ཀྱིས་མངོན་སངས་རྒྱས་བཞིན་འདུག
འབད་མེད་དུ་དགོས་འདོད་སྟེར་གྱིན་འདུག
མངོན་འདོད་ཀྱི་དད་པའི་བཞེངས་བའི་མི་ཚོགས་ཤིག
ལག་པ་དེའི་འོག་ཏུ་མགོ་བོ་སྒུར་ཏེ
ལག་པ་བསྲིངས་ནས་འདུག

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལག་འཇུ་ཞིག་གི་གོ་དོན།

2013-09-05 ཁྲི་བསྟན་པ་རྒྱལ་མཚན། ཀློག་གྲངས། མཆན ཡོད།

 

 

ཁྱེད་ཀྱི་གསེར་འོད་ཤན་པའི་ལག་པ་དེའི་འོད་ཐུག་རེ་རེར་འཇུས་པའི་
ཁབ་ལེན་གྱི་རྡུལ་ཕྱེ་ཚོགས  
ངའི་ལུས་སྟེང་དུ་ཁྱོད་སར་བགྲོད་པའི་ཐར་ལམ་རྙེད་ཀྱིན་འདུག
ཕལ་བའི་སྒལ་ཚིགས་སྟེང་ལ་ལམ་ཆེན་ཡོད་པ་ཨེ་ཡིན
མི་ཚོགས་འདིའི་རྡོག་པའི་འོག་ཏུ
ཨ་ཨ་་་ཚ་གི་འདུག  གཟེར་གི་འདུག  ན་གི་འདུག
གང་ལྟར་ཁྱེད་ཀྱི་ལག་པ་དེ་ཨོ་པ་མ་ཡིས་གཏན་ནས་ཁུག་མི་སྲིད
ཁྱེད་ཀྱི་ལག་པ་ནས་བཟུང་བའི་མི་དེ་དག་གིས་ཀླུ་ཡི་བང་མཛོད་སྒུལ་གྱིན་འདུག
ལྷ་ཡི་ཕོ་བྲང་གཡོ་བཞིན་འདུག
ཁྱོད་ཀྱི་ལག་པ་དེས
བྱིན་རླབས་ཀྱིས་མངོན་སངས་རྒྱས་བཞིན་འདུག
འབད་མེད་དུ་དགོས་འདོད་སྟེར་གྱིན་འདུག
མངོན་འདོད་ཀྱི་དད་པའི་བཞེངས་བའི་མི་ཚོགས་ཤིག
ལག་པ་དེའི་འོག་ཏུ་མགོ་བོ་སྒུར་ཏེ
ལག་པ་བསྲིངས་ནས་འདུག

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།