ཚོར་བའི་བ་སྤུ།༼སྙན་ཚོམ༽

 
         གཙང་བོའི་ཕ་རོལ་གྱི་མི།
 རླུང་བུ་ཞིག་ལྡང་ཡོང་སྟེ
བདག་གི་སྐྲ་ལོ་ཤིག་ཤིག་སྒུལ
རྒྱ་མཚོའི་ཕ་རོལ་གྱི་ངོ་གདོང་མི་མཐོང་བའི་མི་དེ
བུད་མེད་ཅིག་གམ་སྐྱེས་པ་ཞིག
 
ཉིན་ནུབ་ཀྱིས་ས་སྲོད་དེར
མི་དེ   ས་རྡུལ་ཏུ་འགྱུར་ནས
མེ་ཏོག་གི་མགོ་རུ་འཆག
 
         གྱེས་བྲལ།
 
རྒྱང་དུ་ནུབ་བཞིན་པའི་ཁོ་མོ
མེ་ལོང་གི་ཁ་གཏད་དུ་འགྲེང་ནས
ཆར་ཆུའི་བརྫིས་པས་ལོ་ཐོ་བཅད
 
འཛུབ་མགོར་སྤྲས་པའི་གསེར་གྱི་ཐང་ག
གས་ཆག་ཤོར་བས་མི་ཡུལ་ལ་ཕབ
གདོན་དང་ལྷ་ཡི་ཁ་ཆུ
དངུལ་གྱིས་ཕ་བོང་ཞིག་ཏུ་གྱུར
 
       གཟེབ་ནང་དུ་ཟླ་བ་ངུ་བ།
 
རྒྱ་མཚོའི་ཁ་གཏད་དུ་ཟླ་བ་ངུས
མི་ཚོགས་ཀྱིས་ཟླ་བའི་མཆི་མ་ཕྱེས
གཟེབ་ཏུ་ལྷུང་བའི་ཟླ་བ་དཀར་བོ
མུན་པའི་གསེབ་ཏུ་ཁྲོག་ཁྲོག་འགུལ
མི་ཚོགས་ཀྱིས་ཁོ་བོའི་ལག་པ་དང་སྐྲ་ལོ་བཙལ་ཡང
མཐའ་མར     ཟླ་བ་ངུ་བ་མཐོང
 
ལག་པ་སྟོང་སྟོང་འཁོར་བའི་ཆོས་ཉིད་བསྒོམས
བཟོ་ལྟ་བོར་བས་འཚོ་བ་ཡི་ངོས་སུ
མི་ཚོགས་དང་ཟླ་བ་ལ་མིག་ཆུ་བྱུང

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚོར་བའི་བ་སྤུ།༼སྙན་ཚོམ༽

2013-08-18 དགུ་ཟུར་མ། ཀློག་གྲངས། མཆན ཡོད།

 
         གཙང་བོའི་ཕ་རོལ་གྱི་མི།
 རླུང་བུ་ཞིག་ལྡང་ཡོང་སྟེ
བདག་གི་སྐྲ་ལོ་ཤིག་ཤིག་སྒུལ
རྒྱ་མཚོའི་ཕ་རོལ་གྱི་ངོ་གདོང་མི་མཐོང་བའི་མི་དེ
བུད་མེད་ཅིག་གམ་སྐྱེས་པ་ཞིག
 
ཉིན་ནུབ་ཀྱིས་ས་སྲོད་དེར
མི་དེ   ས་རྡུལ་ཏུ་འགྱུར་ནས
མེ་ཏོག་གི་མགོ་རུ་འཆག
 
         གྱེས་བྲལ།
 
རྒྱང་དུ་ནུབ་བཞིན་པའི་ཁོ་མོ
མེ་ལོང་གི་ཁ་གཏད་དུ་འགྲེང་ནས
ཆར་ཆུའི་བརྫིས་པས་ལོ་ཐོ་བཅད
 
འཛུབ་མགོར་སྤྲས་པའི་གསེར་གྱི་ཐང་ག
གས་ཆག་ཤོར་བས་མི་ཡུལ་ལ་ཕབ
གདོན་དང་ལྷ་ཡི་ཁ་ཆུ
དངུལ་གྱིས་ཕ་བོང་ཞིག་ཏུ་གྱུར
 
       གཟེབ་ནང་དུ་ཟླ་བ་ངུ་བ།
 
རྒྱ་མཚོའི་ཁ་གཏད་དུ་ཟླ་བ་ངུས
མི་ཚོགས་ཀྱིས་ཟླ་བའི་མཆི་མ་ཕྱེས
གཟེབ་ཏུ་ལྷུང་བའི་ཟླ་བ་དཀར་བོ
མུན་པའི་གསེབ་ཏུ་ཁྲོག་ཁྲོག་འགུལ
མི་ཚོགས་ཀྱིས་ཁོ་བོའི་ལག་པ་དང་སྐྲ་ལོ་བཙལ་ཡང
མཐའ་མར     ཟླ་བ་ངུ་བ་མཐོང
 
ལག་པ་སྟོང་སྟོང་འཁོར་བའི་ཆོས་ཉིད་བསྒོམས
བཟོ་ལྟ་བོར་བས་འཚོ་བ་ཡི་ངོས་སུ
མི་ཚོགས་དང་ཟླ་བ་ལ་མིག་ཆུ་བྱུང

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།