རྩིང་བ་དཀོན་བྷེའི་སྙན་ངག་གསར་བ། བྱང་ཆུབ་ལོ་མ།
བསྐལ་བ་དུ་མ་ཞིག་གི་སྔ་རོལ་དུ།
བྱང་ཆུབ་ལོ་མར།
བྱམས་དང་སྙིང་རྗེ་ཡི་ལྗང་མདོག་འཁྱིལ་བས།
སེམས་ཅན་རྣམས་ཕ་མ་བུ་ཕྲུག་གི་ཚུལ་དུ་གནས།
དུས་རབས་གང་མང་ཞིག་གི་སྔ་རོལ་དུ།
བྱང་ཆུབ་ལོ་མར།
བདག་གཞན་མཉམ་བརྗེ་ཡི་བརྩེ་སེམས་འཕྱུར་བས།
གས་ཆག་མ་ཤོར་བའི་ས་སྒང་ང་ཚོར་གནང་།
ཁ་སང་།
ཁྱོད་འགྱེལ་ང་ལངས་ཀྱི་གཡུལ་ས་བསམ་བཞིན།
ངས་བྱང་ཆུབ་ལོ་མ་ཞིག་གི་སྟེང་དུ།
ཆོག་ཤེས་དགོས་ཚུལ་གྱི་སྙན་ངག་ཚན་པ་ཞིག་བྲིས་ཏེ།
ཚ་ཚ་འུར་འུར་གྱི་འཇིག་རྟེན་མི་ཡུལ་ལ་བསྐུར་ཡོད།
2014/7/21
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།