འཕྲིན་ཡིག་ཀློག་པར་མི་སྤྲོ་བའི་ཉིན་འདི་དག


ཁྱོད་ཉིད་ཁོ་ན་ཡིན
བདག་གི་འབྲི་ཤོག་གི་བར་དུ་སྡུག་བསྔལ་བཟོ་མཁན

ཁྱོད་ཉིད་ཁོ་ན་ཡིན
ངའི་སྡུག་བསྔལ་སྤྱི་གསེང་ར་བར་འདེབས་མཁན
ཁྱོད་ཉིད་ཁོ་ན་ཡིན
ངའི་སུན་པ་ལོ་ཏོག་གི་རེས་སུ་སྡུད་མཁན
ཁྱོད་ཉིད་ཁོ་ན་ཡིན
ཉིན་འདི་གར་ང་ཡིས་འཕྲིན་ཡིག་ཅིག་ཀྱང་མི་ཀློག་དོན

ཁྱོད་ཀྱིས་ང་ཡི་བརྩེ་དུང་གི་ས་བོན་ཁྱེར་ཏེ
མི་གཞན་པའི་ཧམ་སེམས་ཀྱི་རྣང་ཚིགས་སུ་བཏབ་ཟིན
ཁྱོད་ཀྱིས་ང་ཡི་བརྩེ་འཕྲིན་གྱི་ཡིག་འབྲི་གཏོར་ཏེ
མི་གཞན་ཞིག་གི་བརྩེ་དུང་གི་ལུད་རྫས་སུ་བསྐྱལ་ཟིན
ད་ནི་ང་ལ་འཕྲིན་ཡིག་ཀློག་འདོད་མི་འདུག

ཁྱོད་ཉིད་ཁོ་ན་ཡིན
ངའི་སྙིམ་མཐིལ་གྱི་ཡིག་འབྲུ་འགད་རྫས་སུ་གྱུར་དོན
ཁྱོད་ཉིད་ཁོ་ན་ཡིན
ངའི་སེམས་ཁོང་དུ་སྡུག་བསྔལ་གྱི་འཁོར་བ་བཅའ་ཚུལ

ཁྱོད་ཉིད་ཁོ་ན་ཡིན
ཉིན་འདི་གར་ངའི་འཕྲིན་ཡིག་ཏུ་བྲེད་ཤ་ལངས་དོན

              ༢༠༡༤ ༡༡ ༡

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཕྲིན་ཡིག་ཀློག་པར་མི་སྤྲོ་བའི་ཉིན་འདི་དག

2015-02-17 གཡུ་མིག ཀློག་གྲངས། མཆན ཡོད།


ཁྱོད་ཉིད་ཁོ་ན་ཡིན
བདག་གི་འབྲི་ཤོག་གི་བར་དུ་སྡུག་བསྔལ་བཟོ་མཁན

ཁྱོད་ཉིད་ཁོ་ན་ཡིན
ངའི་སྡུག་བསྔལ་སྤྱི་གསེང་ར་བར་འདེབས་མཁན
ཁྱོད་ཉིད་ཁོ་ན་ཡིན
ངའི་སུན་པ་ལོ་ཏོག་གི་རེས་སུ་སྡུད་མཁན
ཁྱོད་ཉིད་ཁོ་ན་ཡིན
ཉིན་འདི་གར་ང་ཡིས་འཕྲིན་ཡིག་ཅིག་ཀྱང་མི་ཀློག་དོན

ཁྱོད་ཀྱིས་ང་ཡི་བརྩེ་དུང་གི་ས་བོན་ཁྱེར་ཏེ
མི་གཞན་པའི་ཧམ་སེམས་ཀྱི་རྣང་ཚིགས་སུ་བཏབ་ཟིན
ཁྱོད་ཀྱིས་ང་ཡི་བརྩེ་འཕྲིན་གྱི་ཡིག་འབྲི་གཏོར་ཏེ
མི་གཞན་ཞིག་གི་བརྩེ་དུང་གི་ལུད་རྫས་སུ་བསྐྱལ་ཟིན
ད་ནི་ང་ལ་འཕྲིན་ཡིག་ཀློག་འདོད་མི་འདུག

ཁྱོད་ཉིད་ཁོ་ན་ཡིན
ངའི་སྙིམ་མཐིལ་གྱི་ཡིག་འབྲུ་འགད་རྫས་སུ་གྱུར་དོན
ཁྱོད་ཉིད་ཁོ་ན་ཡིན
ངའི་སེམས་ཁོང་དུ་སྡུག་བསྔལ་གྱི་འཁོར་བ་བཅའ་ཚུལ

ཁྱོད་ཉིད་ཁོ་ན་ཡིན
ཉིན་འདི་གར་ངའི་འཕྲིན་ཡིག་ཏུ་བྲེད་ཤ་ལངས་དོན

              ༢༠༡༤ ༡༡ ༡

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།