ཤོག་ལྷེ་དམར་པོ།༼ ཞར་བཀོད་གཅིག་ཡོད ༽


ད་ལྟ་ཉི་མ་ནི་ང་དང་ལྡོག་ནས་འགྲོ
ང་ནི་ཕྱིར་སྒྲོལ་མའི་གམ་དུ་ལོག་གིན་ཡོད
སེམས་པ་འདི་ཤོག་བྱ་བཞིན་སྒྲོལ་མའི་མཁའ་ལ་འཕུར་སོང

ང་རང་རླངས་འཁོར་དུ་བསྡད་དེ་སྒྲོལ་མའི་གམ་དུ་ལོག་གིན་ཡོད
ལམ་འགྲམ་དུ་ལུས་པའི་ངང་ཁྱུ་དཀར་པོ་དང
སྤྲིན་གསེབ་ནས་ཟེགས་པའི་ཟླ་འོད་འཁྱེར་ནས་ལོག་གིན་ཡོད

ང་ནི་སྐར་མའི་གཟེབ་ཏུ་ལྷུང
མཚན་ཕྱེད་ཡོལ་ཏེ་སང་ཉིན་ལ་ཉེ་བར་བཅར་དུས
སྒྲོལ་མ་ནི་གྲང་འདར་བྱེད་པའི་སྐར་འོད་ཅིག་སྟེ
མོའི་རྨི་ལམའང་དེ་ལྟར་གྲང་བཞིན་ཡོད
ང་རང་མོའི་གམ་དུ་ལོག་དུས
གྲང་འཁྱག་རུམ་གང་འཁྱེར་ནས་ཡོད་དམ

ད་ནི་མཚན་མོ་ཡང་ང་དང་ལྡོག་ནས་འགྲོ
འཁྱག་སིབ་སིབ་ཀྱི་སྣང་བ་བག་ཙམ་མེད་པར་ཞི
སྒྲོལ་མ་ཉི་འོད་བཞིན་ཤར་འོང
མོའི་རྨི་ལམའང་དེ་ལྟར་ཤར་བཞིན་ཡོད


ཡིན་ཡང
ང་ཡི་སྣང་བའི་གསེབ་ཏུ་སྐར་འོད་མང་པོ་འཆར་འདུག
ང་ནི་སྐར་མའི་གཟེབ་ཏུ་ལྷུང 

              འདི་ནས་འཕུར་བའི་ངང་ཁྱུ།


དུས་ཚོད་འདི་ནི་རྒྱང་རིང་གི་ས་སྲོད་ཅིག་རེད
ཁྱོད་ནི་མེ་འཁོར་ལ་གཤོག་པ་ཐོགས་པ་བཞིན
སྣེ་གཅིག་ནས་གཅིག་ལ་འཕུར་བཞིན་འདུག
དོ་ནུབ་ང་རང་ཡང་དེ་ཡི་འཁོར་སྒམ་ཞིག་གི་ནང་དུ་ཡོད་པ་འདྲ
འབར་ཞུན་རྐང་གཅིག་གི་ཟོལ་གྱིས་འོད་ལམ་ལམ་འབར་བཞིན་ཡོད
དུས་ཚོད་འདི་ལ་ཁྱོད་རང་དྲན་སྲིད་ནའང
རང་ཉིད་ལྷག་ཏུ་དྲན་འོང

ཟླ་བ་རོག་རོག་ཅིག་ཤར་བྱུང
ད་ནི་ཁྱོད་རང་ཡང་སྐར་ཚོམ་ཞིག་ལ་འགྱུར་སོང
ནམ་མཁའ་རལ་བོ་ཞིག་གི་བཤང་སྒོར་འཚང་ཞིང
སྲང་ལམ་གྱ་གྱུ་ཞིག་གི་ཁུག་པར་ཐོགས་ཏེ
འགྱིག་གི་གད་སྙིགས་མང་པོ་གཤོག་པར་འབྱར

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤོག་ལྷེ་དམར་པོ།༼ ཞར་བཀོད་གཅིག་ཡོད ༽

2015-03-09 སྒྲེ་བོ། ཀློག་གྲངས། མཆན ཡོད།


ད་ལྟ་ཉི་མ་ནི་ང་དང་ལྡོག་ནས་འགྲོ
ང་ནི་ཕྱིར་སྒྲོལ་མའི་གམ་དུ་ལོག་གིན་ཡོད
སེམས་པ་འདི་ཤོག་བྱ་བཞིན་སྒྲོལ་མའི་མཁའ་ལ་འཕུར་སོང

ང་རང་རླངས་འཁོར་དུ་བསྡད་དེ་སྒྲོལ་མའི་གམ་དུ་ལོག་གིན་ཡོད
ལམ་འགྲམ་དུ་ལུས་པའི་ངང་ཁྱུ་དཀར་པོ་དང
སྤྲིན་གསེབ་ནས་ཟེགས་པའི་ཟླ་འོད་འཁྱེར་ནས་ལོག་གིན་ཡོད

ང་ནི་སྐར་མའི་གཟེབ་ཏུ་ལྷུང
མཚན་ཕྱེད་ཡོལ་ཏེ་སང་ཉིན་ལ་ཉེ་བར་བཅར་དུས
སྒྲོལ་མ་ནི་གྲང་འདར་བྱེད་པའི་སྐར་འོད་ཅིག་སྟེ
མོའི་རྨི་ལམའང་དེ་ལྟར་གྲང་བཞིན་ཡོད
ང་རང་མོའི་གམ་དུ་ལོག་དུས
གྲང་འཁྱག་རུམ་གང་འཁྱེར་ནས་ཡོད་དམ

ད་ནི་མཚན་མོ་ཡང་ང་དང་ལྡོག་ནས་འགྲོ
འཁྱག་སིབ་སིབ་ཀྱི་སྣང་བ་བག་ཙམ་མེད་པར་ཞི
སྒྲོལ་མ་ཉི་འོད་བཞིན་ཤར་འོང
མོའི་རྨི་ལམའང་དེ་ལྟར་ཤར་བཞིན་ཡོད


ཡིན་ཡང
ང་ཡི་སྣང་བའི་གསེབ་ཏུ་སྐར་འོད་མང་པོ་འཆར་འདུག
ང་ནི་སྐར་མའི་གཟེབ་ཏུ་ལྷུང 

              འདི་ནས་འཕུར་བའི་ངང་ཁྱུ།


དུས་ཚོད་འདི་ནི་རྒྱང་རིང་གི་ས་སྲོད་ཅིག་རེད
ཁྱོད་ནི་མེ་འཁོར་ལ་གཤོག་པ་ཐོགས་པ་བཞིན
སྣེ་གཅིག་ནས་གཅིག་ལ་འཕུར་བཞིན་འདུག
དོ་ནུབ་ང་རང་ཡང་དེ་ཡི་འཁོར་སྒམ་ཞིག་གི་ནང་དུ་ཡོད་པ་འདྲ
འབར་ཞུན་རྐང་གཅིག་གི་ཟོལ་གྱིས་འོད་ལམ་ལམ་འབར་བཞིན་ཡོད
དུས་ཚོད་འདི་ལ་ཁྱོད་རང་དྲན་སྲིད་ནའང
རང་ཉིད་ལྷག་ཏུ་དྲན་འོང

ཟླ་བ་རོག་རོག་ཅིག་ཤར་བྱུང
ད་ནི་ཁྱོད་རང་ཡང་སྐར་ཚོམ་ཞིག་ལ་འགྱུར་སོང
ནམ་མཁའ་རལ་བོ་ཞིག་གི་བཤང་སྒོར་འཚང་ཞིང
སྲང་ལམ་གྱ་གྱུ་ཞིག་གི་ཁུག་པར་ཐོགས་ཏེ
འགྱིག་གི་གད་སྙིགས་མང་པོ་གཤོག་པར་འབྱར

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།