ཕ་ཡུལ་དང་སྙན་ངག་གི་ལེ་ཚན།

འཕགས་པ་སྐྱབས།༼ མདའ་ཚན༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-03-09

            A དོན་དག་ཅི་ཡང་མ་བྱུང་།
             ༡
སྤྲིན་པ་ལྟོགས་པས་སོ་འཁྱིགས་ཏེ་ཉི་འོད་བལྡད་སོང
སྨུག་པ་དམར་རྗེན་དུ་བུད་དེ་ཁ་བའི་སྣབས་སུ་འཐིམ
རི་བོ་སྐམ་རིད་དག་སུན་སྣང་གིས་དེད་དེ་བར་སྣང་ལ་མགོ་བོ་སྲིང་གིན་འདུག
ཆུ་བོ་ན་ཟུག་གིས་མདུན་དུ་ནུར
སྤང་ཐང་དབུལ་ཕོངས་ཀྱིས་བཙོན་ལ་སྦྱར
དོན་དག་ཅི་ཡང་མ་བྱུང
             ༢
རྟ་ཕོའི་རྗེས་ཤུལ་མོག་མོག་དེར
ཁང་བྱེའུ་འགས་གཤོག་སྒྲོ་དྲུད་ནས་ཅི་ཞིག་འཚོལ་གྱིན་འདུག
ཁང་ཆག་ནད་པ་ཚོས་སྒོ་མོ་ལྕགས་ཀྱིས་གཏན་ཟིན
སྒེའུ་ཁུང་གི་ཤེལ་ངོས་ན་ཁ་བས་རྡུལ་ཕྲན་དག་དམར་གསོད་བྱེད
གང་ནས་ཐོན་པ་མ་ཤེས་པའི་སྦྲང་ནག་ཁྱུ་གཅིག་གིས
དམར་གསོད་ཀྱི་མཛད་སྒོ་ལ་རམ་འདེགས་རོལ་ཆ་དཀྲོལ
ནང་རོལ་གྱི་དངངས་སྐྲག་གི་ཆུ་ཐིགས་དེ་ཁུ་སིམ་མེར་གས་སྲུབས་ཤིག་ཏུ་ཡིབ
དོན་དག་ཅི་ཡང་མ་བྱུང
             ༣
ལྷམ་སྒྲོག་བོར་པའི་སྐྱེས་པ་དེས་རྨི་ལམ་ལ་ལྷན་པ་རྒྱག་བཞིན
ལྕགས་མཐུར་བསྐོན་པའི་ལོ་ཆུང་དེར་ལྷ་ཁང་ཞིག་བཞེངས་ཚུལ་སློབ
སྲང་ལམ་གྱི་ལྕང་སྡོང་དང་རྡོ་ཐེམ་གྱིས་དབུགས་ལེན་མ་ཐུབ་པར་འཁུན་སྒྲ་སྒྲོག
རླངས་འཁོར་ཆ་མེད་དེའི་ཨང་རྟགས་ཀྱིས
ལུང་ཁོག་འདིའི་སྙན་ངག་དང་རི་མོ་ཡོད་ཚད་དྲུད་ནས་བུད་སོང
ཡིན་ཡང
དོན་དག་ཅི་ཡང་མ་བྱུང
             ༤
ཉི་མས་དཔོན་མོ་ཡི་སྐྱག་པ་གཏོང་ཚུལ་མཐོང་སོང་བས་ཡིན་ནམ
འོད་སྣང་ཟ་ཟི་དེ་རོ་སྟོད་ལ་བཅུག་ནས་ངུ་མཚམས་བཞག་མེད
བཟའ་མི་ཚོ་མཆོད་ཁང་གི་མར་མེར་ལྕེབས་ཟིན
འབུ་མེ་འབར་དང་འབུ་མེ་ལྕེབས་ཁོ་ནས་ཐལ་མོ་བཏེགས་ནས་ཟླ་འོད་ལ་སྒུག་འདུག
སྔར་བཞིན
དོན་དག་ཅི་ཡང་མ་བྱུང
           ༥
རླུང་གིས་ཕྱགས་མ་བཟུང་ནས་འབྲུ་རིགས་དག་རྐུས་སོང
ལྷ་ཡིས་ཆོས་འཁོར་བཟུང་ནས་ནོར་ལུག་འདེད
ཚ་གྲང་གིས་བུད་མེད་ཚོའི་ངོ་གདོང་བསྣོགས
ཁ་བ་དང་གློག་དམར་གྱིས་ཕ་ཡུལ་གྱི་དུས་ཚིགས་གཏོར
ཡ་མཚར་བ་ལ་ཨང
དོན་དག་ཅི་ཡང་མ་བྱུང

             B སྔར་ལྟར་ལྷིང་འཇགས་རེད།
              ༡
ཐི་གུ་ཞིག་འཁེལ་གྱིན་འདུག
ཁྲ་ཁྲ་ཞིག
འབྲེང་བ་ཞིག་མཉེད་ཀྱིན་ཡོད
གྱོང་བོ་ཞིག
ལྕགས་ཐག་ཅིག་རྡུང་གིན་འདུག
སྲ་མོ་ཞིག
ཁོར་ཡུག་ཅིག་སྐྲ་ལོ་རུ་སླེ་བཞིན་ཡོད
སོག་ལེ་ལྟར
              ༢
རྩོམ་ཡིག་ཅིག་མེ་རུ་འབར
རོལ་མོ་ཞིག་ཅོང་བརྡ་རུ་བསྒྲིགས
དབེན་པ་འདི་འཁྲུག་ལོང་དུ་འཐག
ཁྱི་གུ་དང་གསོ་ལུག་གི་མིག་རྩ་དམར་པོར་གྱུར
བདག་མོས་གཅིན་སྐྱག་གཏོང་མཚམས་བཅད་ཟིན
ཡོད་ཚད་མི་ཁོམ་པར་འཐམ་དུས
ཐམས་ཅད་སྔར་ལྟར་ལྷིང་འཇགས་རེད
              ༣
ཁང་ཀླད་ཀྱི་དུ་བ་དེ་ཀ་བ་རུ་འཕྱུར་འོང
འོན་ཀྱང འགུལ་སྐྱོད་དང་བྲལ་འདུག
ཁྱམས་ར་ཐེད་པོ་ན་མེ་ཏོག་དེ་གོ་ཆ་རུ་སྐྱེས་ཚར
འོན་ཏེ དྲོད་གྲང་ལ་དབྱེ་བ་མེད
ཕ་ཡུལ་གྱི་སྙིང་ཆུང་ལྷོག་ལྷོག་ཏུ་ལྡིང་ཡང
ཤ་ཁྲག་སྐྱི་གསུམ་སྔར་ལྟར་ལྷིང་འཇགས་སུ་ཉལ་འདུག

              C དོན་དག་ཆེན་པོ་བྱུང་སོང་།
              ༡
བུད་མེད་དེའི་ངོ་གདོང་འཛུམ་གྱིས་བཀྲུས
རྟ་ཕོ་འདིའི་ལྟོ་བ་འབྲས་ཀྱིས་བཀང
འོ་བྱེད་པ་དང་འཐམ་འཁྱུད་བྱེད་པས
ཐལ་མོས་གློ་སྙིང་མཆིན་གསུམ་ལ་ས་འགུལ་བསླངས
ནམ་གུང་གི་ཕ་བོང་དང་གྲོག་ཤུར་འདི་གཉིད་ལ་ཤོར་དྲགས་པས
དོན་དག་ཆེན་པོ་བྱུང་སོང
             ༢
མེ་མདའ་ས་ལ་གཡུགས
རང་གི་རྒས་གཉེར་གྱི་སྲུབས་ཀར་མེ་ཏོག་ཡང་ཡང་བརྫངས
ལག་པ་ཚུར་ལ་བསྲིངས
པུས་མོའི་སྟེང་གི་རྐང་རྗེས་མཐུག་པོ་དག་ཡང་ཡང་སྤྲུགས
སྐེད་པ་ཕར་ལ་སྒུར
ཕ་མ་ལ་རྣ་བ་འགེབས་བཞིན་རང་ཉིད་ཡང་ཡང་མནན
            ༣
ཤོག་བུའི་ཕོ་བྲང་ནས་ཇག་སྟོན་བཤམས་དུས
ཁ་ལོ་བ་དང་ནེ་ཙོ་འགས་སྤྲེའུ་རྒན་ཨོང་དམར་དེར་སློབ་དཔོན་ཟེར
ད་དུང་ཧཱ་པ་དང་ཁུ་བྱུག་ཡང་ཐོན་ཡོད་པས
དོན་དག་ཆེན་པོ་བྱུང་སོང
ཐེ་ཚོམ་མེད་པར
        ༢༠༡༤-༡༠-༢༣ཉིན་མདའ་ཚན་ནས། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་དང་སྙན་ངག་གི་ལེ་ཚན།

2015-03-09 འཕགས་པ་སྐྱབས།༼ མདའ་ཚན༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།