རྨ་འོད་ཀྱི་སྙན་ངག་གསར་བ་ཁག་གཉིས།

              ང་ཉི་མ་ལ་དགའ་རབས་བཤད་ན། ཁྱོད་ཀྱི་རོགས་དྲན་རབས་ཀྱི་ལོ་རྒྱུས་དང་འདྲའམ།

ང་ཉི་མ་ལ་དགའ་རབས་བཤད་ན
ཁྱོད་ཀྱི་རོགས་དྲན་རབས་ཀྱི་ལོ་རྒྱུས་དང་འདྲའམ

ངའི་ཤར་ཕྱོགས་ན་རི་མཐོན་པོ་ཞིག་ཡོད
དེ་ལབ་ཙེ་བསྟོད་ས་དག་དང་མི་འདྲ
དཔུང་རྒྱན་དང་ཀླུང་རྟ་མཆོད་ས་ཡང་མེད
མ་ཟད རི་དེ་ཁྱོད་ཁོ་ནའི་གདོང་ལ་གྱེན་དུ་ལངས་ཡོད
རི་དེ་ང་ཁོ་ནའི་གདོང་ལའང་གྱད་ཀྱིས་ཅེར་ཡོད

རང་ཁྱིམ་དེ་ནས ངས་ཉི་མ་ཞིག་བཞེངས་ཡོད
དྲོད་ཀྱི་མེ་དཔུང་ཞིག་སྦར་ཡོད
མི་ཚེ་ཐུང་ཐུང་འདི་ཡང་དེ་ལ་ལྷམ་མེར་སྒྲོན་ཡོད
ཡིན་ཡང ཉི་མ་ཁྱོད་དྲན་དུས
ནག་ཡོར་ཡོར་གྱི་རི་བོ་དེ་དྲན་དུས
ངའི་ཤ་མཆིན་པ་འཁྱག་པ་རྡོ་རེད་ཡ ༼བདེན་པ་འདོན ༽

ཞོགས་པར།
ངས་སྐྱོ་བ་འཕྱིད་ཙམ་དང་མིག་སྐྱག་འཕྱིད་ཙམ་ངང
རི་རྒྱབ་ཀྱི་ཁྱོད་ལྷང་ངེར་འབྱོན་ན་བསམ
གློ་བུར་དུ་མིག་ཆུ་ཞིག་ཐག་སེ་ལྷུང་སོང
དེ་ལྕགས་མདེལ་ཞིག་ཡིན་ན
རི་བོ་ཁད་ཀྱིས་བརྟོལ་ནས་ཁྱོད་རང་ལྷུན་ནེར་བསུས་ན་བསམ
དེ་ཡང་དྲན་ཐག་རིང་བས་ལན་ནམ

མཚན་མོར།
རི་བོ་དེའི་གཏོས་ནས
ངས་འཇིགས་པ་རྔུབ་བཞིན་ལག་སྣེ་ནས་སེམས་པ་ཕྱི་ལ་བསྲིངས
ཏག་ཏག་ཁྱོད་ངའི་ལག་སྣེ་ན་འཛུམ་པ་ལྟ་བུའི་སྤྲོ་བ་བྱུང བདེ་སྐྱིད་གང་ཡིན
གསལ་བོར་བཤད་ན དེ་ནི་ངས་ཁྱོད་རང་སྒུག་སྟངས་ཡིན

སྡུག་བསྔལ་ཞེས་པ་འགྲེལ་དགོས་མི་འདུག
རི་བོ་དེ་དང་འདྲ་ལ
ཡང་ན་རི་བོའི་ལྟག་རྒྱབ་ཀྱི་ཉི་མ་དེ་དང་འདྲ

ང་ཉི་མ་ལ་དགའ་རབས་བཤད་ན
ཁྱོད་ཀྱི་རོགས་དྲན་པའི་ལོ་རྒྱུས་དང་འདྲའམ
                   ༢༠༡༥•༣•༡༧

             ཟླ་གསུམ་པའི་པ་ལོ་དམག

ཟླ་གསུམ་པ་ཇག་པའི་གཤར་ལམ་དང་འདྲ་ཟེར
ཇག་པ་དེ་ཚོ་དགོངས་དཀྱེལ་ཡངས་པ་ལ
ངས་ལྷ་ཆེན་ཁག་གིས་ཟ་ཉལ་འགྲོ་འདུག་དྲན་སོང

ཟླ་གསུམ་པ་གྲང་འཁྱག་བར་གྱི་ཁ་ལག་བསྲོ་ས་ཡིན་ཟེར
ཁ་ལག་སྲོ་བཞིན་སྲོ་བཞིན་ཁ་རྡུང་ཡང་གཏོང་དགོས་ས་རེད
ངའི་ཨ་ཕ་དེ་སྐྱག་པ་འདྲ་ཞིག་ཡིན
ཨ་མ་ཡང་སྐྱག་པ་འདྲ་ཞིག་ཡིན
ང་རང་པ་ལོ་དམག་ལ་ཞུགས་པས་སྐྱག་ཕྲུག་རྟོགས་པ་ཅན་ཞིག་ཆགས་ཡོད
གང་ལྟར ལོ་རེའི་ཟླ་གསུམ་པས་ང་ཕྱི་སློག་ནང་སློག་བྱས་ལ
ངའི་སྙིང་གཏམ་ཤ་འདྲ་བ་དག་ལེབ་རྒུམ་བྱས་ཡོད

ཟླ་གསུམ་པར། བོད་ཡུལ་ནས་དྲོད་མེ་སྟག་ཅན་ཞིག
ལྷོ་ཕྱོགས་རྒྱ་མཚོའི་ཁ་ལ་འབབ་མྱོང་ཟེར
ཕྱི་གྱར་ཚོས་ཉལ་ས་ནས་བསུ་བ་བཏང་ཡོད་ཟེར
དེ་ན་ཡང་པ་ལོ་དམག་དང་འདྲ་བ་མང་བོ་ཡོད་ཚོད་འདུག
ཁོ་ཚོས་ལུང་སྟོང་ནས་ལབ་རྒྱག་པ་གོ་དུས
ངས་ཁོ་ཚོ་ལུང་གཞུང་དང་གཏན་དུ་གྱེས་འདོད་པ་ཤེས་ཡོད

ཟླ་གསུམ་པར། ང་ཡང་པ་ལོ་དམག་ཡིན
རྒན་མོ་སྐྱུར་ནས་མེས་རྒྱལ་སྲུང་ཡོད
གློ་བུར་དུ་ང་ཡང་པ་ལོའི་དམག་དཔོན་ཚོ་དང་འདྲ་བར་རྒན་མོ་སྲུང་འདོད
རྒན་མོ་མ་བདེ་ན ང་ཡང་བདེ་སྲོལ་མེད ང་མ་བདེ་ན་མེས་རྒྱལ་ཡང་བདེ་མི་སྲིད
ཡང་གཅིག་བཤད་ན ད་ལྟའི་པ་ལོ་ང་ཚོ་རྒན་མོའི་སྲུང་དམག་ཡིན

ཟླ་གསུམ་པར།ལག་ན་བོའུ་ཆག་དེ་དང་གློ་ན་རྫ་ཆག་དེ་མེད་ནའང
རྒྱབ་ཏུ་ཁུར་བོ་གཡག་རོ་འདྲ་བ་དག་འཁུར་དགོས
དེ་ནི་པ་ལོ་དམག་གི་སྒྲིག་ལམ་ཡིན སྒྲིག་ལམ་དེ་བརྩི་མཁན་ང་གཅིག་པུ་མིན

ཟླ་གསུམ་པར། ནམ་སྨད་དུ་སྲང་ལམ་མྱུལ་ན
ང་ཡང་ཇག་པ་བྱ་འདོད
ཕྱིར་རང་ཁྱིམ་དྲན་ན རྒན་མོ་དང་བྱིས་པ་ཚོའི་སྔུར་བ་འཐེན་གྱིན་པ་བསམ་ན
པ་ལོ་དམག་དེ་ཡང་དེ་འདྲའི་གུ་ཐུག་མ་ཡིན་བསམ
                   ༢༠༡༥•༣•༡༨

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་འོད་ཀྱི་སྙན་ངག་གསར་བ་ཁག་གཉིས།

2015-03-18 རྨ་འོད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།