ཧམ་སེམས་དང་འབྲེལ་བའི་སྙན་ངག་ཐུང་ངུ་འགའ།


མཁྲིག་མའི་ཆུ་ཚོད་ལས
སྡིག་སྲིན་གྱི་རྭ་ཅོ་གཉིས་འཇུར་ཡོང
ངས་རང་གི་མིག་ཟུང་དུ་འཁྲུལ་ནས
ཆེད་དུ་མཛེས་མ་ཚོའི་གསང་ཁེབས་གཏེད་བྱེད་དུ་སྤྱད

              ད་ནས་བཟུང་། མི་རྣམས་ཀྱི་ཧམ་སེམས་ཇེ་ཆེ་ཡིན།

ཁྱོད་ཀྱིས་ངའི་གྲིབ་མ་དེ་འཛིན་ཐབས་ལ
བསམ་བློ་མང་བོ་བཏང་སྟེ མཚན་ལམ་རྫོགས་མེད་བསྐྱལ་རབས
ངས་རང་གི་གྲིབ་མ་དེ་སྲང་གི་གློག་སྒྲོན་ལ་བཅོལ་ཏེ
ད་ལྟ་རང་ཁྱིམ་དུ་ལོག་ཡོད

               ད་ནས་བཟུང་། མི་རྣམས་ལ་ཧམ་སེམས་ཟེར་ཡ་ཞིག་གཏན་ནས་མེད།

ཁང་བརྩེགས་བང་རིམ་བཅུ་དགུ་ཅན་ཞིག་ནས
ཨང་ཀི་དག་ས་ལ་འཐོར་བཞིན་ཡོད་སྐད
ང་རང་རྒྱུགས་ཐེངས་གཅིག་གིས
སྤར་འཐམ་བརྒྱབ་ཅིང
ནམ་ལངས་དུས དགྱ་རྒན་མ་ལོ་ལོན་ཞིག་གི་ལྷམ་གྱི་ཕྱི་རྐང་ལ་འཇུས་འདུག 

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཧམ་སེམས་དང་འབྲེལ་བའི་སྙན་ངག་ཐུང་ངུ་འགའ།

2015-03-26 ལྗགས་མདའ། ཀློག་གྲངས། མཆན ཡོད།


མཁྲིག་མའི་ཆུ་ཚོད་ལས
སྡིག་སྲིན་གྱི་རྭ་ཅོ་གཉིས་འཇུར་ཡོང
ངས་རང་གི་མིག་ཟུང་དུ་འཁྲུལ་ནས
ཆེད་དུ་མཛེས་མ་ཚོའི་གསང་ཁེབས་གཏེད་བྱེད་དུ་སྤྱད

              ད་ནས་བཟུང་། མི་རྣམས་ཀྱི་ཧམ་སེམས་ཇེ་ཆེ་ཡིན།

ཁྱོད་ཀྱིས་ངའི་གྲིབ་མ་དེ་འཛིན་ཐབས་ལ
བསམ་བློ་མང་བོ་བཏང་སྟེ མཚན་ལམ་རྫོགས་མེད་བསྐྱལ་རབས
ངས་རང་གི་གྲིབ་མ་དེ་སྲང་གི་གློག་སྒྲོན་ལ་བཅོལ་ཏེ
ད་ལྟ་རང་ཁྱིམ་དུ་ལོག་ཡོད

               ད་ནས་བཟུང་། མི་རྣམས་ལ་ཧམ་སེམས་ཟེར་ཡ་ཞིག་གཏན་ནས་མེད།

ཁང་བརྩེགས་བང་རིམ་བཅུ་དགུ་ཅན་ཞིག་ནས
ཨང་ཀི་དག་ས་ལ་འཐོར་བཞིན་ཡོད་སྐད
ང་རང་རྒྱུགས་ཐེངས་གཅིག་གིས
སྤར་འཐམ་བརྒྱབ་ཅིང
ནམ་ལངས་དུས དགྱ་རྒན་མ་ལོ་ལོན་ཞིག་གི་ལྷམ་གྱི་ཕྱི་རྐང་ལ་འཇུས་འདུག 

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།