རོ་ལངས།

འཕགས་པ་སྐྱབས།༼ མདའ་ཚན ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-04-01


འདི་ནི་མཚན་མོ་རིང་བོ་ཞིག་རེད

བེམ་པོ་དུར་རྡོ་ཡིས་བསྐྱོར་ནས་འགྲོ་བཞིན་འདུག
ཀེང་རུས་དེ་རྨུ་ཐག་ལ་འཇུས་ཏེ་ངུ་བཞིན་འདུག
མཛའ་མོའི་ནུ་ཟུང་འདྲུད་ལྷམ་དུ་གོན་པའི་བྱ་རྒོད་ཅིག
དུར་ཁྲོད་ཀྱི་འབུ་ཕྲའི་ཚོགས་ལས་ཡར་ལངས་བྱུང
རླུང་བུས་རུལ་དྲི་ལ་ལྕེ་ལྡག་བྱེད་ཀྱིན
རི་རྩྭས་དཀྲོལ་བའི་ངུ་དབྱངས་ཀྱི་རོལ་མོ་ལ་མགོ་བོ་བརླན

ལམ་འགྲོ་བ་དང་ཝ་སྤྱང
འཇིགས་སྣང་གིས་བཅིལ་བའི་སྐད་སྒྲའི་མེ་ལྕེ
ལུང་ཁོག་འདིའི་ཤི་བོའི་སྐྲ་ལོ་བཞིན་བེམ་པོ་དང་རིང་དུ་བཀྱེད

མིའི་སྐད་དང་རང་བྱུང་གི་སྒྲ
སྤྱི་ཚོགས་ཀྱི་བརྡ
ཅི་ཡང་མེད་པའི་ལྷིང་འཇགས་ཀྱི་དུར་ས་ནས
ཡ་མ་བརླ་ཞིག་མཐོང་བྱུང
ངུ་མ་དགོད་ཅིག་ཐོས་སོང
དྲོད་མ་འཁྱག་ཅིག་རེག་ཟིན

མི་མེད་རྩྭ་མེད་ཀྱི་དུར་ཁྲོད་འདི
མཚན་ནུབ་ནད་པ་ཞིག་གི་རྨི་ལམ་དུ་འཁོར་བའི
ཡ་ང་བའི་འུར་ཟིང་གི་འཐབ་རྩོད་ཅིག
        ༢༠༡༤-༡༢-༠༧ཉིན་ལ་རྫོང་ཐོག་ནས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རོ་ལངས།

2015-04-01 འཕགས་པ་སྐྱབས།༼ མདའ་ཚན ༽ ཀློག་གྲངས། མཆན ཡོད།


འདི་ནི་མཚན་མོ་རིང་བོ་ཞིག་རེད

བེམ་པོ་དུར་རྡོ་ཡིས་བསྐྱོར་ནས་འགྲོ་བཞིན་འདུག
ཀེང་རུས་དེ་རྨུ་ཐག་ལ་འཇུས་ཏེ་ངུ་བཞིན་འདུག
མཛའ་མོའི་ནུ་ཟུང་འདྲུད་ལྷམ་དུ་གོན་པའི་བྱ་རྒོད་ཅིག
དུར་ཁྲོད་ཀྱི་འབུ་ཕྲའི་ཚོགས་ལས་ཡར་ལངས་བྱུང
རླུང་བུས་རུལ་དྲི་ལ་ལྕེ་ལྡག་བྱེད་ཀྱིན
རི་རྩྭས་དཀྲོལ་བའི་ངུ་དབྱངས་ཀྱི་རོལ་མོ་ལ་མགོ་བོ་བརླན

ལམ་འགྲོ་བ་དང་ཝ་སྤྱང
འཇིགས་སྣང་གིས་བཅིལ་བའི་སྐད་སྒྲའི་མེ་ལྕེ
ལུང་ཁོག་འདིའི་ཤི་བོའི་སྐྲ་ལོ་བཞིན་བེམ་པོ་དང་རིང་དུ་བཀྱེད

མིའི་སྐད་དང་རང་བྱུང་གི་སྒྲ
སྤྱི་ཚོགས་ཀྱི་བརྡ
ཅི་ཡང་མེད་པའི་ལྷིང་འཇགས་ཀྱི་དུར་ས་ནས
ཡ་མ་བརླ་ཞིག་མཐོང་བྱུང
ངུ་མ་དགོད་ཅིག་ཐོས་སོང
དྲོད་མ་འཁྱག་ཅིག་རེག་ཟིན

མི་མེད་རྩྭ་མེད་ཀྱི་དུར་ཁྲོད་འདི
མཚན་ནུབ་ནད་པ་ཞིག་གི་རྨི་ལམ་དུ་འཁོར་བའི
ཡ་ང་བའི་འུར་ཟིང་གི་འཐབ་རྩོད་ཅིག
        ༢༠༡༤-༡༢-༠༧ཉིན་ལ་རྫོང་ཐོག་ནས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།