དུར་ཁྲོད།


མི་དེ་ལ་སྐྲག་དགོས་མི་འདུག
རོ་བཤའ་རྒད་པོ་རེད།
ཁྱོད་རང་མཚོན་ཆ་དང་འདྲེས་ནས་ཤི་ལ་ཉེ་དུས།
རྣམ་ཤེས་ཁོ་ལ་བཅོལ་ཆོག

མི་ཚོགས་ཀྱི་མདུན་དུ།
ཁྱོད་ཀྱིས་གཅེར་བུ་འབུད་ཐེངས་ཤིག་གིས།
རང་ཉིད་བློས་བཏང་ཀྱང་།
དུར་ཁྲོད་ན་མི་ཚོགས་དེ་ལས་མང་བས།
ཁྱོད་རང་སྔངས་མི་དགོས།

གལ་ཏེ་ཆང་ཧུབ་གིས།
རང་གི་མནའ་ཟས་མོད།
དུར་ཁྲོད་ཀྱི་རུས་ཀྲང་དག་ཤིན་ཏུ་དཀར་པས།
དེ་ཚོར་གསོལ་འདེབས་ཀྱིས་དང་།
ང་ཚོས་བདེ་སྐྱིད་གཞན་ཞིག་མྱོང་ཐུབ།
           ༢༠༡༥ ༣ ༣༠

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུར་ཁྲོད།

2015-07-21 འབུམ་ཕྲག ཀློག་གྲངས། མཆན ཡོད།


མི་དེ་ལ་སྐྲག་དགོས་མི་འདུག
རོ་བཤའ་རྒད་པོ་རེད།
ཁྱོད་རང་མཚོན་ཆ་དང་འདྲེས་ནས་ཤི་ལ་ཉེ་དུས།
རྣམ་ཤེས་ཁོ་ལ་བཅོལ་ཆོག

མི་ཚོགས་ཀྱི་མདུན་དུ།
ཁྱོད་ཀྱིས་གཅེར་བུ་འབུད་ཐེངས་ཤིག་གིས།
རང་ཉིད་བློས་བཏང་ཀྱང་།
དུར་ཁྲོད་ན་མི་ཚོགས་དེ་ལས་མང་བས།
ཁྱོད་རང་སྔངས་མི་དགོས།

གལ་ཏེ་ཆང་ཧུབ་གིས།
རང་གི་མནའ་ཟས་མོད།
དུར་ཁྲོད་ཀྱི་རུས་ཀྲང་དག་ཤིན་ཏུ་དཀར་པས།
དེ་ཚོར་གསོལ་འདེབས་ཀྱིས་དང་།
ང་ཚོས་བདེ་སྐྱིད་གཞན་ཞིག་མྱོང་ཐུབ།
           ༢༠༡༥ ༣ ༣༠

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།