ཁ་སྣ་ཤོ་བ་ལས་རུལ་བ།༼ ཞར་བཀོད་གཉིས་ཡོད ༽

ས་རུབ་རྗེས ས་རུབ་རྗེས ས་རུབ་སོང་ཡང་རྩིག་རལ་རྒྱུ
གདོང་སྤུ ཁ་སྤུ པགས་སྤུ མིག་ལྕིབས་སུ་རྐང་གྲི་བརྡབས
སྐྱ་ཧེབ་ཧེབ་གདུག་འཛེར དུག་འཛེར་རུལ་བ་དག་འཕྱུར
ཙི་གུ་སྐྱ་བོ་སུམ་བརྒྱ་དྲུག་ཅུ་རེ་དྲུག་དང་ཕྱེད་ཀ་འགུལ
ཚེར་སྤུ་ཡི་མགོ་རུ་ཤི་རོ་སྤུངས་ཏེ་ཤ་རུས་བྲོ་དྲགས
ཁ་སྣ་ཤོ་བ་ལས་རྡོ སྣབས རྒྱུས་མེད་ནད་སྐྱུག
ས་རུབ་པ་ཁ་སྣ་ཤོ་བའི་རྟགས་སུ་སྡང
བསྲེགས་ཟས་གཟེར་ནག་རྡིབ
མིད་ཐག་ཕྲ་བུ་བསྒགས
ཟམ་བརྩིགས་ཉིལ
ལྕེ་རུལ་བཀྱེད
ཁུང་སྒོ་རུལ
ངོ་མི་ཤེས
སོང
ཨོ

                2015.02.24

                འུ་གཉིས་ཀའི་མལ་ཐུལ།

ཁྱོད་རང་བུད་སོང་བས་ཁང་ཆུང་སྔོ་སྨུག་ང་དང་འབྲེལ་བ་མེད
ཕྱིར་ལོག་པའི་དུས འུ་གཉིས་ཀའི་མལ་ཐུལ་འགྱེལ་ཤི་ཐེབས
ཕྱེད་ཀ་ཐ་རྡུལ་སྐྱ་ཟཊ་སུ་འཕོས་པར་གྱུར་ཀྱང་མིག་ཆུས་མ་བརླན
གང་ལའང་མ་བསྙབ
ཟུར་མདའ་ཙམ་ཡང་མ་བལྟ
ཤའམ་རུས་གཟུཊ་སུ་ཀྱག་ཀྱོག་གནར་བའི་རྩ་སྦུག་གས་སིལ་གད
ཁོ་རང ཁོའི་ཁ་སྤུ་འཁྱགས་ཕྱིད་ཀྱིས་བཞར
འདི དེ་ཡི་གློ་བ་ཐ་མག་གིས་བསྲེགས
སྐོམ་པ་བརྒྱ་དང་ཀླད་ཀོར་གྱིས་གྲིབ་མ་གཅེར་བུ་གཅིག་པུར་སྨྱོ
འུ་གཉིས་ཀའི་མལ་ཐུལ་འུ་གཉིས་ཀས་རྦད་དེ་ཉར་མ་སོང
བྱི་བ་དང་ཙི་གུ་ཡིས་མཚན་དཀྱིལ་དུ་རྨི་ལམ་གཙབས
བོའུ་ཐུང་བཟུང་སྟེ་རྒྱུགས་རྒྱུཊ་མཐར་བོའུ་ཐུང་འཆི་རྨས་སུ་བཙུད
འབར་པའི་འཁུན་རིང དུད་ནག ཐ་སྐྱ ཁུ་བ་སྡང་འཁོན་དུ་རྡབ
མིག ཕྱིད་དེ་ལོང་བར་གྱུར
རྣ གཟེར་ཏེ་འོན་པར་གྱུར
ཀློའུ་གཟུཊ་སུ་སྤྲང་བའི་པུས་མོའམ་གྲུ་མོ་རུ་མལ་ཐུལ་འཕོས་ཚར
ཕྱེད་ཀ དེ དེ དེ སུ་ཡིས་ལྷན་པོ་བཟོ ? ? ?
              ༢༠༡༥.༠༣.༠༦

              རྟ་གྱོལ་བོ།

རླིག་འབྲས་གཉིས་ཁེ་གྲི་ཡིས་རྔུལ་ཁྲག་དང་བཅས་འཇིབས
རྡོ་སག་འབུར་མདོང་དུ་དཀྱོགས་དཀྱོགས་པས་རྨིག་པ་རྨས
སྲང་ལམ་ཧྲིལ་བོ་ཁྱོད་ཀྱི་སྣ་བའི་རླངས་རྡུལ་འཐིབས
རང་སར་བསྲིངས་པའི་མགོ་སྐེ་ལན་གྲངས་བརྒྱ་ཚེག་བརྒྱ་ལྕེབས
རྐང་བ་གྱོལ་བོ་རུ་བཏང་བས་ཁངས་སྨུག་རླུང་འཚུབ་ཀྱིས་གཙེས
ཆ་མེད རྒྱུས་མེད རྗེས་མེད
དོག་རོང་བྲག་དོང་ལས་བུད་ཀྱང་འབུ་གྲོང་འདིས་འདྲོཊ་སུ་བཅུག
ལྕཊ་ཆག་ཟཊ་རུལ་གྱིས་སྒྲོག་པའི་གཟེར་མ་གཅུ་འབིག་ཏུ་བཙུད
གདོན་སྙིགས་ལྷབ་ལྷུབ་དེ་དག་གྱོན་ཆས བཟའ་ཆས་སུ་ཀླུབ
ཡངས་ཨང སྤང་ཐང རི་ཆུ
རྩྭ་ཆུ རྒོད་མ རྟ་ཁྱུ ནོར་ཁྱུ ལུག་ཁྱུ གདོང་བ་དག་ནག་ཨང
དགྱ་སྒོ་འོག་མ་དང་རྡོ་གཅལ་འོག་མར་ཡར་ཞོན་མར་ཞོན་འདུར
རྔོག་རིང་ཁམས་སྨུག དུང་སོ་དཀར་པོ་རས་སྲབ་ཕྲ་བུས་བཅགས
མཐའ་མའི་མཐའ་མར་ཁྱོད་རང་གཞང་འཚོང་དུ་བཙོངས་བཏང
རླངས་སྣུམ་དམར་ཟངས་སུ་འཕྱུར་བའི་འཐགས་ཁང་དུ་ཁྲིད་ཟིན
ཉུལ་ཉུལ་བའི་མཐར་ང་ཡི་ལུས་ཟུངས་སྐམ་པོ་མིག་ཆུས་སྦངས
སྤུ་ཙར་ཙོར་འདི་འགྲེངས་ཤུགས་རུས་འཇིངས་ལས་ཟགས

                    ༢༠༡༥.༠༣.༠༧

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་སྣ་ཤོ་བ་ལས་རུལ་བ།༼ ཞར་བཀོད་གཉིས་ཡོད ༽

2015-07-28 འཕྱན་བྷང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།