བུད་སོང་བ་དེ་ཁྱོད་ཡིན་ན།


ན་ཆུང་གི་ཤོག་ལྷེ་ལོ་མ་བཞིན་གཏོར་དུས
སྟོན་ཁ་ནི་རྒྱང་རིང་གི་མཛེས་ལྗོངས་ཤིག
དགུན་ཁ་ནི་གཏིང་ཟབ་པའི་མཚན་གཞུང་ཞིག
འདས་སོང་སྦྱིན་བསྲེགས་ཀྱི་སྣོད་ཁ་ཅི་ཡང་མེད་པས
ཆ་ཡོད་ཆ་མེད་ཀྱི་བུ་མོ་དེས
བོར་བརླག་བྱུང་བའི་ལག་རྡང་གི་དྲོད་ཁོལ
སླར་ཡང་ལྷམ་མཐིལ་གྱིས་མནོས་བྱུང

ཁྱོས་བཀླགས་ངས་གྱེར་གྱི་གཡབ་མོའི་འོག
ཁ་ཆུ་དང་མིག་ཆུའི་གཉེར་མ་ཞིག
ལྷན་འཛོམས་ཀྱི་འདུག་སྟེགས་བྱས་ནས
སྲོད་ཁ་ལ་ཚིལ་དྲི་བསྒོས་ཉིན
ངས་སྣོམ་བྱུང་བ་ཁྱོད་ཡིན་ལ
ང་ནི་ཁྱོད་ཀྱི་གྲིབ་མ་དང་ཡང་འཁྲུལ་དགོས་བྱུང
ཁྱོས་སྣོམ་བྱུང་བ་ང་ཡིན་མིན་གྱི་དོགས་པ་ཞིག་གིས
ཁྱོད་དང་ཁྱོད་ཀྱི་ཁུ་སིམ་ཁྲིད་པས
བུད་སོང་བ་དེ་དངོས་གནས་ཁྱོད་ཡིན་ནམ

དུས་ཚིགས་བརྗེ་སྤོར་གྱི་འགུལ་སྐྱོད་ཁྲོད
རླུང་བུས་འཁྱུག་སྟངས་རེ་མངོན་སྲིད་ཀྱང
དབྱར་གཞུང་གི་ཚ་བ་འདིས
བཟོད་བསྲན་གྱི་ཚབ་བྱས་ལ
རེ་བའི་ཚབ་བྱས སྙིང་སྟོབས་ཀྱི་ཚབ་བྱས་ཏེ
འགུལ་ཐག་གི་དཔུང་ངར་ཞིག་བསླེས་འདུག་པས
བུད་སོང་བ་དེ་ཁྱོད་ཡིན་ན
དུས་ཕྱིས་ལག་བརྡ་འདི
བཟོད་པས་གཏོང་ངམ་མཆི་མས་གཏོང

            ༢༠༡༥/༧/༡༥ ཉིན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུད་སོང་བ་དེ་ཁྱོད་ཡིན་ན།

2015-12-03 འཁྱར་མོ། ཀློག་གྲངས། མཆན ཡོད།


ན་ཆུང་གི་ཤོག་ལྷེ་ལོ་མ་བཞིན་གཏོར་དུས
སྟོན་ཁ་ནི་རྒྱང་རིང་གི་མཛེས་ལྗོངས་ཤིག
དགུན་ཁ་ནི་གཏིང་ཟབ་པའི་མཚན་གཞུང་ཞིག
འདས་སོང་སྦྱིན་བསྲེགས་ཀྱི་སྣོད་ཁ་ཅི་ཡང་མེད་པས
ཆ་ཡོད་ཆ་མེད་ཀྱི་བུ་མོ་དེས
བོར་བརླག་བྱུང་བའི་ལག་རྡང་གི་དྲོད་ཁོལ
སླར་ཡང་ལྷམ་མཐིལ་གྱིས་མནོས་བྱུང

ཁྱོས་བཀླགས་ངས་གྱེར་གྱི་གཡབ་མོའི་འོག
ཁ་ཆུ་དང་མིག་ཆུའི་གཉེར་མ་ཞིག
ལྷན་འཛོམས་ཀྱི་འདུག་སྟེགས་བྱས་ནས
སྲོད་ཁ་ལ་ཚིལ་དྲི་བསྒོས་ཉིན
ངས་སྣོམ་བྱུང་བ་ཁྱོད་ཡིན་ལ
ང་ནི་ཁྱོད་ཀྱི་གྲིབ་མ་དང་ཡང་འཁྲུལ་དགོས་བྱུང
ཁྱོས་སྣོམ་བྱུང་བ་ང་ཡིན་མིན་གྱི་དོགས་པ་ཞིག་གིས
ཁྱོད་དང་ཁྱོད་ཀྱི་ཁུ་སིམ་ཁྲིད་པས
བུད་སོང་བ་དེ་དངོས་གནས་ཁྱོད་ཡིན་ནམ

དུས་ཚིགས་བརྗེ་སྤོར་གྱི་འགུལ་སྐྱོད་ཁྲོད
རླུང་བུས་འཁྱུག་སྟངས་རེ་མངོན་སྲིད་ཀྱང
དབྱར་གཞུང་གི་ཚ་བ་འདིས
བཟོད་བསྲན་གྱི་ཚབ་བྱས་ལ
རེ་བའི་ཚབ་བྱས སྙིང་སྟོབས་ཀྱི་ཚབ་བྱས་ཏེ
འགུལ་ཐག་གི་དཔུང་ངར་ཞིག་བསླེས་འདུག་པས
བུད་སོང་བ་དེ་ཁྱོད་ཡིན་ན
དུས་ཕྱིས་ལག་བརྡ་འདི
བཟོད་པས་གཏོང་ངམ་མཆི་མས་གཏོང

            ༢༠༡༥/༧/༡༥ ཉིན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།