འུག་པའི་གཤོག་པ།

གླེ་གཞིས་འཇམ་དབྱངས་ཐར།༼ ལྷ་ས ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-04-13

མཚན་མོ་འདིར།
ཟླ་བས་སྐར་ཚོགས་འཁྲིད་དེ་ཚང་མལ་གང་དུ་ལོག་སོང་།
རླུང་བུ་ཁོ་ནས་ངའི་སྒེའུ་ཁུང་གི་ཡོལ་རས་བརྟོལ་ནས།
ངའི་སྔས་གོང་གི་དཔྲལ་བའི་འཇམ་ཤར་འཕུད་མཉེད་ཡང་ཡང་བྱས་པ།
ངལ་བའི་མཐིལ་ན་སིམ་པའི་རྨི་ལམ་ཧྲིལ་པོ་ཞིག་ལ།
ཞི་བདེ་ཡི་སྨོན་པ་དང་སེམས་གསོ་གང་མང་བཏང་སྟེ།
བློ་བློང་གིས་སྐྱོར་ཡོང་བའི་ལོ་ཟླ་དུ་མ་འགའ།
ལྭ་བ་བཞིན་བཤུས་ནས་རྩིགས་ངོས་སུ་བཀལ་བ་དང་མཚུངས་ཨང་།

མཚན་མོའི་ལྷིང་འཇགས་དཀྲོག་གིན་པའི་ཁྱི་ལྡོམ་དེ་དག
སུ་ཞིག་གི་ཆེད་བཀོད་ལྟར་ང་ཡི་ཉེ་འཁོར་བཟུང་ཡོད།
ཁུ་སིམ་དང་བྲལ་བའི་སེམས་འབུ་ཕྲ་མོ་ཞིག་གིས།
རང་གི་རྨི་ལམ་གྱི་བདེ་བ་རང་ཉིད་ཀྱིས་འགེམས་ཏེ།
སུ་ཞིག་གི་མཚན་གཞུང་ནས་ཟླ་བ་འཛིན་འདོད།
ཚོར་ཤེས་བྲལ་བའི་ཁྱོད་ཀྱི་ལྷིང་འཇགས་དེ་ཁོ་ནའི་དོན་དུ།

ང་ཡི་ལམ་ནི་དཀའ་ཚེགས་ཀྱིས་བསྲིངས་འདུག
ད་ནས་མ་འོངས་པར་ངས་རེ་འབྲས་ཅི་ཞིག་སུ་ལ་སྟོན་ཨང་།
སེམས་པས་སེམས་པ་ཉམས་དམས་བཏང་བའི་ཁྲོད་ན།
ད་དུང་བློ་མིག་རྣོན་པོས་ཕྱིར་མིག་བལྟ་བའི་དགོས་པ་ཡོད་དམ།
ལག་དམར་བརྒྱ་ཕྲག་གིས་གློ་སྙིང་ཚལ་བར་བགོས་བའི་ཤུལ་ན།
ངས་རང་ཉིད་ཉེས་མེད་ཡིན་ཞེས་ཤ་འཁོན་གང་ལ་གཅོག་དགོས།
ཡིད་རྟོན་དང་གུ་ཡངས་ཀྱིས་ཁྱོད་མཐའ་ནས་སྐྱོངས་ཤིག
ང་རང་རྗེས་སུ་བཟུང་ཤོག

ཁ་སང་། ཉི་འོད་ལྡོད་ཀྱིན་ལྡོད་ཀྱིན་ཕྱིན་པའི་ཉིན་ཐོ་རེད།
ད་ནི་མཚན་མོའི་མུན་པ་ལྡག་བཞིན་ཁྱོད་འབྲི་བའི་ཨམ་གཙིགས་ཡིན།
ལས་ཀྱི་ས་བོན་རྒྱུ་ལ་བཏབས་ནས་སང་ལོར་ལོ་ལེགས་འབྱུང་བ་བདེན་ན།
ཐོང་གཤོལ་ལག་པས་སྐྱོར་མཁན་ང་ཡིན་འདུག་ལ།
འདྲུད་ཟོག་སྣ་ནས་འཁྲིད་མཁན་ཁྱོད་ཡིན་སོང་།
ཞིང་ལ་ཆུ་ལུད་བསྐྱེད་མཁན་ཅིས་ཀྱང་ཁྱོད་མཁོ་ཞིང་།
མྱུ་གུར་ཉི་འོད་དྲངས་མཁན་ནམ་ཡང་ང་ཡིན་དགོས་འདུག
ཡིན་ན་ཡང་། ཁྱོད་ཀྱིས་ངའི་མཁའ་ལ་འཕྱར་བའི་ལག་པ་མཐོང་གིན་མི་འདུག
ངའི་ཕྱི་གསལ་ནང་གསལ་གྱི་སེམས་པ་རྟོགས་ཀྱིན་མི་འདུག
ངའི་སྤང་ཐང་གི་ཁ་དོག་ཚོར་གྱིན་མི་འདུག
ངའི་ཞེ་མཐིལ་གྱི་གདུང་བ་ནམ་ཡང་སེལ་མི་ཐུབ་པས།
ངས་རང་གི་སེམས་པ་ཁྱོད་ལ་ཇི་ལྟར་འཁེན་དགོས་སམ།

སྐྱ་མདའ་དང་པོ་ཤར་རིའི་གདོང་ནས་འཛུམ་འོངས་དུས།
ང་ད་དུང་གཉིད་ཀྱི་བདེ་བར་རོལ་ཐབས་མི་འདུག
ཞོགས་གསར་གྱི་ཉི་འོད་དྲོན་མོས།
དུས་ལྟར་ངའི་མལ་ཁྲིའི་འགྲམ་པར་འོ་ཞིག་བྱས་ཏེ།
ངའི་ཞག་གཅིག་གི་སྐྱོ་ངལ་འདི་སངས་མ་ནུས་ན།
ང་འདི་ལྟར་གཉིད་པ་ནི་སད་རྒྱུ་མེད་པ་མ་ཡིན་ནམ།

                                          ༢༠༡༥ལོའི་༡༠པའི་༡༣ལ།

                                                                                                          རྩོམ་སྒྲིག་པ། སྐྱ་བོ།

                                 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འུག་པའི་གཤོག་པ།

2016-04-13 གླེ་གཞིས་འཇམ་དབྱངས་ཐར།༼ ལྷ་ས ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།