འབྲོག་བུ་དཀོམ་བཀྲའི་སྙན་ངག་ཚན་པ་གསུམ།

འབྲོག་བུ་དཀོམ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-06-17

                                         ཁྱེད་ཀྱིས་བདག་གི་བློ་བྲིད་སོང་།

མདང་ནུབ་རྨི་ལམ་ཞིག་རྨིས་བྱུང
རྨི་ལམ་དེ་ནི་ནམ་རྒྱུན་ཡིད་ལ་བཅགས་པའི་དམིགས་འདུན་དེ་དང་འདྲ་ཨང
འུ་གཉིས་རྒྱལ་རྩེ་དང་གུ་གེ་སོགས་ལ་ཆས་ཏེ
རྡུལ་གྱིས་གོས་པའི་མེ་ཏོག་སྣ་ཚོགས་ལ་ཚོན་བཏང
མཁར་ཤུལ་རྙིང་བའི་གསེབ་ལས
ས་ཁྱོར་བ་གང་བླངས་ཏེ་གནམ་ལ་གཙུབས
ཚེ་རབས་འགའི་སྐྱས་ཐག་ལྟ་བུའི
གམ་པ་ལ་མོའི་གཡང་གཟར་ཁོ་ནས
ངའི་རྨི་ལམ་གྱི་གནམ་ས་ཇེ་དོག་ཏུ་བཏང

ཁྱེད་ཀྱིས་བདག་གི་བློ་བྲིད་སོང
བྱིས་པ་དག་བྱེ་རིལ་མངར་མོས་བྲིད་པ་ལྟར
ང་ནི་ཁྱེད་ཟེར་བའི་སྣང་བརྙན་ཆ་མེད་འདི་ལ་མཉེས་པོ་ཡོད
སྨྲ་བ་ཉུང་ལ་སྨྲ་ཚིག་དག་པའི་མཆུ་སྒྲོས་འདི་དང
མི་ཤི་བོ་ཞིག་ལའང་དབུགས་གསོ་བར་བྱེད་པའི་ཁ་རླངས་འདི་
བདག་གིས་དབུས་ནས་ཉོས་པའི་དགའ་ལྡན་མཁན་པ་ལྟར
རྣམ་དག་དང་དྲི་བསུང་གིས་ཁེངས་འདུག

སྐད་འཕྲིན་གྱི་རྒྱབ་ལོགས་སུ་མང་བོ་འཇོག་རྒྱུ་མེད་ཀྱང
ཁྱེད་ཀྱིས་གཞུང་སྒྲུབ་གང་དུ་ཁོ་ཧྥེ་འཐུང་བཞིན
འདི་ལ་ལན་གཅིག་ལོས་བལྟ་སྙམ་ནས
པོད་ཕྲན་སོགས་ལས་ཚིག་ཡག་པ་འདྲ་བསལ་ཏེ
དེའི་ནང་དོན་དང་མཐུན་པའི་འདྲ་པར་རེ་བཙལ་ནས
དེ་གཉིས་མཉམ་པོར་སྤེལ་འཇོག་པ་འདི
ཁྱེད་ཀྱི་ཁེར་རྐྱང་གི་དུས་ཚོད་གཏོང་བྱེད་དང
ངའི་བརྩེ་གདུང་གི་ཡིད་གཤིས་མཚོན་སྤྱད་ཡིན

འཚོ་བ་ཟེར་བ་འདི་ས་གདན་ཁྲ་ཁྲ་ཞིག་དང་འདྲ་བར
བྲིས་རིས་སྣ་ཚོགས་ཀྱིས་བསླད་འདུག
མི་ཚེ་ཟེར་བ་འདི་ད་ལྟའི་གནམ་ངོ་དང་འདྲ་བར
དྲོད་འཁྱག་གཉིས་འཐབ་ཀྱིས་གྲུབ་འདུག
ང་དང་ཁྱོད་ཟེར་བ་ནི
མཉམ་པོར་བསྲེ་ཐབས་མེད་པའི
གྲིབ་མ་ཧྲེང་ངེ་བ་གཉིས་སོ

         ༢༠༡༥//༢༠

                                        ཁྱི་གུ་ཞིག་ལ་ཁ་བརྡ་བྱས་པ།

གྲིབ་མ་གཉིས་བརྩེགས་གསུམ་བརྩེགས
རྒས་པའི་བེམ་པོ་རེ་རེ
རྩི་ཤིང་གི་རྐང་བར་བགོས་པའི་ཁྲག
འདོད་པའི་ཙན་དན
མནར་གཅོད་ཀྱི་དྲི་ངད
ནམ་མཁའ་འཇིག་རྗེས་ཀྱི་ཤྭ་འོད
དཔོན་པོའི་ལག་གི་ལྕག་ཚན

སེམས་ནི་ཉོབ་ལ་དུབ་པ་ཞིག
ངག་ནི་ལྐུགས་ཤིང་འཁུམས་པ་ཞིག
བདེ་སྡུག་ནི་ལ་ཁའི་དར་ལྕེ
སྐྱེ་འཆི་ནི་རྣམ་ཤེས་ཀྱི་མཚེར་ས་སྤོ་ཚུལ་ཞིག

བཙའ་ཆགས་པའི་རལ་གྲིས
གངས་ཆགས་པའི་རི་ལ་ཅོ་འདྲི
ཡིད་འོང་གི་ན་ཆུང་མ་རེ་རེ
དུས་ཚོད་ཀྱི་མདའ་མོས་རྨས་ཤིང་བསྒྱེལ

རྟ་བ་བོའུ་ཁུར་ཞིག
རི་དྭགས་རྨས་མ་ཞིག
ཆུ་ལ་བསྐུར་བའི་ཡིག་ཆུང་ཞིག
སྣང་བ་འཁྲུལ་བྱེད་ཀྱི་མདའ་རྩེད་ཅིག
ངས་ཁྱོད་ལ་ངག་འཇམ་པོས་སྐད་ཆ་ཞིག་ཤོད་དགོས་སྙམ་དུས
ཕྱི་བལྟས་ལྕགས་རི་དཀར་པོ་མཐོ་བ་ལ
ནང་བལྟས་ཨར་འདམ་རྩིག་པ་བརྗིད་པ་ལ

            2016/3/22ཉིན་ལ།

                                          དཔྱིད་ཀ་ལ་དགའ་བའི་མི།

འུ་གཉིས་ངོ་ཤེས་སུ་གྱུར་ཏེ་མི་ལོ་ལྔ་འདས
ཏག་ཏག་ཐོག་དང་པོ་དེ་ལ
ཆ་མེད་རྒྱུས་མེད་ཀྱི་གྲོང་ཁྱེར་འདི་ལ་མཚོན་ན
ང་ནི་ཆང་བཏུང་ཤེས་པའི་མི་ལྷག་མ་ཞིག་རེད
མཚན་མོའི་སྐབས་སུ  
སྒེའུ་ཁུང་ཁྲི་སྟོང་མང་བོ་ལས་གློག་འོད་འཚུབ་ཅིང
ཉིན་མོའི་དུས་སུ
མི་ཚོས་དཔུང་ཐུག་རྒྱག་གིན་ཤར་ནུབ་གང་ལ་གྱེས་འགྲོ
དུས་སྐབས་དེ་ལ
དེ་དག་ནི་ང་དང་འབྲེལ་བ་མེད་པ་ཞིག་རེད

ལས་ཀྱི་ཐ་གུ་སྐྱ་མ་དེ
སོང་གིན་སོང་གིན་ཇེ་གྲིམ་རེད་ལ
སྡོད་སའི་གནམ་ས་ཁ་ཁ་ཡིན་རུང
ཆ་མེད་པའི་གྲིབ་མ་དེ་གཉིས་ཇེ་ཉེ་ཇེ་ཉེ་རེད

ལོ་ངོ་ལྔ་ཡི་རྗེས་སུ
འུ་གཉིས་རྩྭ་ཐང་གི་རུམ་ཁ་ནས་འཛོམས་ཤིང
མལ་ཁྲི་གཅིག་ལས་ཤ་མཆིན་གླན
ཁྱེད་ཀྱི་སྐྲ་ལོ་སེར་ནག་དེ
ཤིན་ཏུ་བསིལ་བའི་ཆུ་མིག་ཅིག་ལྟར
ངའི་བྲང་གཞུང་དུ་འཁྱིལ་བྱུང

ཁྱེད་ཀྱི་ཁ་གཏད་དུ་སྡོད་དུས
ང་ནི་ཐལ་རྡུལ་གྱིས་ཟིན་པའི་ལམ་འགྲམ་གྱི་སྡོང་ཕྲུག་ཅིག་ལྟར
ཁ་ཁུ་སིམ་མེར   སྨྲ་བ་བཅད་དེ
ཧ་ཅང་ཉམ་ཆུང་གི་ཟོལ་དུ་ལུས་འགྲོ

ཁྱེད་ནི་རྩྭ་མདོག་སྔོ་སྐྱ་ཅན་གྱི་དཔྱིད་ཀ་ལ་དགའ་ཞིང
ཁེ་གྲགས་ཀྱི་མདུན་ན་དྭ་ཕྲུག་ལྟར་ལུས་པའི་ང་ལ་འཐིམས
བརྩེ་ཞེན་གྱིས་མི་ཡི་རྩང་སྤྱོད་འདུལ་ཐུབ་ལ
འཐམ་འཁྱུད་ཀྱིས་མི་ཡི་དབུགས་རྒྱུན་གསོ་ནུས

བརྩེ་བ་དཔང་དུ་བཞག་སྟེ་ཆང་ས་རྒྱག་པ་ནི་གླེན་རྟགས་རེད
བརྩེ་བ་ནི་ཡིད་ལ་བཅགས་ཏེ་རྣམ་ཤེས་དང་དབྱེར་མེད་གྱུར་ནས
ནམ་ཞིག་བེམ་པོ་འཇིག་ཚེ
རྣམ་ཤེས་ཀྱིས་ཁྱོད་རང་བཙལ་ཏེ་རྙེད་ཐུབ་ན་འགྲིག

                                 2016/5/2ལ།

                                                                              རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་བུ་དཀོམ་བཀྲའི་སྙན་ངག་ཚན་པ་གསུམ།

2016-06-17 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།