སྲོག་མེད་མེ་ཏོག
ཕར་ལ་བགྲོད་པའི་རླུང་བུ
མེ་ལོང་གི་སྐྲ་རྩེ་ནས་འགུལ
གཟུགས་བརྙན་གྱི་འཇིགས་པ་བཅོ་བརྒྱད
སྣང་བའི་སྒྲོམ་གཞི་ལས་འཕུར
ཤུལ་དུ དྭངས་མོ་ཆུ་ཡི་མཆེ་བ
ཡང་མོ་སྤྲིན་གྱི་སྡེར་མོ
བེམ་པོའི་ཟུངས་ཁྲག་གི་གཏིང་ལ་ཟུག
དུར་བྱང་ངོས་ཀྱི་ཡི་གེ
འདབ་མ་རེ་རེ་བཞིན་འཐོར་སོང
ཀེང་རུས་མང་པོའི་ཁྲོད་དུ
ཡལ་ག་གཅིག་གནམ་ལ་གཏད
གནམ་ནས་ལྷུང་བའི་ཁ་བ
བྱ་གླག་གི་སྒྲོ་སྤུ་ཟགས་འདྲའི
སབ་སོབ་ཐར་ཐོར་གྱི་མཐོང་བ
རྣམ་ཤེས་ལས་སྨིན་པའི་ལྕགས་ཀྱུ
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།