སྙན་ངག་ཨང་གོ་དགུ་བ།
མུན་པའི་གསེང་ན་ཀེམ་ཀེམ་དུ་གཡོ་བ་ནི་ནག་པོའོ
མིག་ཟུང་མཐའ་རུ་ལྟེམ་ལྟེམ་དུ་འཁྱིལ་བ་ནི་དཀར་པོའོ
སེམས་པའི་ངོགས་ཀྱི་རི་མོ་དེ་འཇའ་ཚོན་ཡིན་ནམ
གདོང་ལ་བབས་པའི་རླབས་རིས་འདི་སྟོན་ལོ་ཡིན་ནམ
གོམ་པ་གཅིག་གི་ལྗིད་ཚད་ལ་སྤྱི་རྒྱ་ག་ཚོད་ཙམ
སྐད་ཆ་གཅིག་གི་ཟབ་ཚད་དེ་ཚེ་སྲོག་གོ
རྩོམ་སྒྲིག་པ། སྐྱ་བོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།