དངུལ་མདོག་གི་ལུག་ཁྱུ།

ཀླུ་པད་བཟང་།༼དཀར་མཛེས་༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-08-07


ཞོགས་པའི་ཉི་འོད་སྦྲ་གུར་གྱི་ཁ་ཚུབ་ལ་ཞེན་ནས་འོ་ཇའི་སྦུབས་སུ་ཐིམ
ཨ་མའི་ཕྲག་གོང་གི་གནག་སྣུམ་གྱི་སྐྲ་ལོ་ཤད་བཞིན་རྩྭ་ལྗང་གི་ཁྲོད་དུ་བབས
ཞོགས་པའི་ཉི་འོད་འདབ་ཆགས་མང་བའི་རྡོ་བརྩིགས་ལ་ཁེན་བཞིན
བག་ཡངས་པའི་ལུག་ཁྱུ་དག་གི་རྨི་ལམ་གྱི་དབུས་སུ་འཆར
འབྲི་འོ་དང་རྩམ་པའི་དྲི་ཞིམ་འཐུལ་བའི་ཕ་སའི་དབྱར་གཞུང་དུ་འཆར
ཉི་འོད་ཤུན་ཏུ་དྲོ་བས་ཨ་ཕའི་རུས་གསེང་གི་རྔུལ་ཆུ་ཟིལ་བའི་ཚུལ་གྱིས་འཐོར
ཨ་ཕའི་རུས་གསེང་ནས་འཁྲུངས་པའི་དངུལ་མདོག་གི་ལུག་ཁྱུ་དག་བདག་གིས་འཚོ་དགོས་ཨང

མགོ་ལྕོག་ལྡེམ་པའི་མེ་ཏོག་གི་ལས་དབང་ཕྱེ་ལེབ་ཀྱི་གཤོག་རྩལ་ལ་བཅོལ་དུས
རང་བྱུང་ཁམས་ཀྱི་ཚེ་སྲོག་ཡོད་ཚད་སྐྱེས་སྟོབས་རྒྱས་ཤིང་ལྷུག་པར་གྲོལ་དུས
བདག་གི་ལུག་ཁྱུ  ཨ་ཕའི་རུས་གསེང་གི་རྐང་མར་སྣུམ་པོ
འབའ་སྒྲའི་སྒྲ་དབྱངས་ཁྲོད་ནས་སྤྲིན་དཀར་གྱི་ཕང་བར་ཟུག

ཤར་ལྷོའི་རླུང་རྒྱུན་མཚམས་མེད་པར་རྩྭ་ཐང་གི་དཀྱིལ་ལམ་རྒྱུ་དུས
རྨི་ལམ་ནང་གི་བྱེ་ཐང་བརྒལ་ནས་ང་ཉིད་རྒྱ་མཚོའི་ཕ་མཐར་ཕྱིན
འོ་མ་སྲུབ་པའི་ཨ་མ་དང་ནུ་མོ་དྲན་བཞིན་གཉོམ་ཆུང་བའི་ལུ་གུ་ཞིག་ལྟར
སེམས་པ་སྲ་བརྟན་གྱིས་ད་ལྟ་དང་སང་ཉིན་དབྱེར་མེད་དུ་བསྲེས
ཆེས་མཐའ་མཇུག་གི་བར་སྣང་ཡིད་ལ་སྒོམ་བཞིན་ཉི་འོད་ཀྱི་ཕྱོགས་སུ་རྒྱུགས

ཞོགས་པའི་ཉི་འོད་ལུག་ཁྱུའི་འབའ་སྒྲའི་ཁྲོད་ནས་རྒྱང་དུ་ཡིབ་དུས
གཙང་བོའི་མགོ་ཁུངས་དེད་ནས་ཟླ་འོད་ཀྱི་ཕྱོགས་སུ་བགྲོད
ཨ་ཕའི་རུས་གསེང་གི་ལུག་ཁྱུ་དག་གིས་བདག་ལ་ལམ་གྲོགས་བྱེད
རྨི་ལམ་དུ་རྟེན་ཅིང་འབྲེལ་བའི་གངས་རི་དང་གཙང་བོ་གྲུབ་རྗེས
ངས་སེམས་པའི་ཞི་འཇགས་ཀྱི་རྩྭ་ཐང་ལ་ཨ་ཕའི་དངུལ་ཁྲག་གི་ལུག་ཁྱུ་བཅོལ་ཡོད

                                                     2016_8_6

   
                                                                              རྩོམ་སྒྲིག་པ། ལྷ་སྐྱིད།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དངུལ་མདོག་གི་ལུག་ཁྱུ།

2016-08-07 ཀླུ་པད་བཟང་།༼དཀར་མཛེས་༽ ཀློག་གྲངས། མཆན ཡོད།


ཞོགས་པའི་ཉི་འོད་སྦྲ་གུར་གྱི་ཁ་ཚུབ་ལ་ཞེན་ནས་འོ་ཇའི་སྦུབས་སུ་ཐིམ
ཨ་མའི་ཕྲག་གོང་གི་གནག་སྣུམ་གྱི་སྐྲ་ལོ་ཤད་བཞིན་རྩྭ་ལྗང་གི་ཁྲོད་དུ་བབས
ཞོགས་པའི་ཉི་འོད་འདབ་ཆགས་མང་བའི་རྡོ་བརྩིགས་ལ་ཁེན་བཞིན
བག་ཡངས་པའི་ལུག་ཁྱུ་དག་གི་རྨི་ལམ་གྱི་དབུས་སུ་འཆར
འབྲི་འོ་དང་རྩམ་པའི་དྲི་ཞིམ་འཐུལ་བའི་ཕ་སའི་དབྱར་གཞུང་དུ་འཆར
ཉི་འོད་ཤུན་ཏུ་དྲོ་བས་ཨ་ཕའི་རུས་གསེང་གི་རྔུལ་ཆུ་ཟིལ་བའི་ཚུལ་གྱིས་འཐོར
ཨ་ཕའི་རུས་གསེང་ནས་འཁྲུངས་པའི་དངུལ་མདོག་གི་ལུག་ཁྱུ་དག་བདག་གིས་འཚོ་དགོས་ཨང

མགོ་ལྕོག་ལྡེམ་པའི་མེ་ཏོག་གི་ལས་དབང་ཕྱེ་ལེབ་ཀྱི་གཤོག་རྩལ་ལ་བཅོལ་དུས
རང་བྱུང་ཁམས་ཀྱི་ཚེ་སྲོག་ཡོད་ཚད་སྐྱེས་སྟོབས་རྒྱས་ཤིང་ལྷུག་པར་གྲོལ་དུས
བདག་གི་ལུག་ཁྱུ  ཨ་ཕའི་རུས་གསེང་གི་རྐང་མར་སྣུམ་པོ
འབའ་སྒྲའི་སྒྲ་དབྱངས་ཁྲོད་ནས་སྤྲིན་དཀར་གྱི་ཕང་བར་ཟུག

ཤར་ལྷོའི་རླུང་རྒྱུན་མཚམས་མེད་པར་རྩྭ་ཐང་གི་དཀྱིལ་ལམ་རྒྱུ་དུས
རྨི་ལམ་ནང་གི་བྱེ་ཐང་བརྒལ་ནས་ང་ཉིད་རྒྱ་མཚོའི་ཕ་མཐར་ཕྱིན
འོ་མ་སྲུབ་པའི་ཨ་མ་དང་ནུ་མོ་དྲན་བཞིན་གཉོམ་ཆུང་བའི་ལུ་གུ་ཞིག་ལྟར
སེམས་པ་སྲ་བརྟན་གྱིས་ད་ལྟ་དང་སང་ཉིན་དབྱེར་མེད་དུ་བསྲེས
ཆེས་མཐའ་མཇུག་གི་བར་སྣང་ཡིད་ལ་སྒོམ་བཞིན་ཉི་འོད་ཀྱི་ཕྱོགས་སུ་རྒྱུགས

ཞོགས་པའི་ཉི་འོད་ལུག་ཁྱུའི་འབའ་སྒྲའི་ཁྲོད་ནས་རྒྱང་དུ་ཡིབ་དུས
གཙང་བོའི་མགོ་ཁུངས་དེད་ནས་ཟླ་འོད་ཀྱི་ཕྱོགས་སུ་བགྲོད
ཨ་ཕའི་རུས་གསེང་གི་ལུག་ཁྱུ་དག་གིས་བདག་ལ་ལམ་གྲོགས་བྱེད
རྨི་ལམ་དུ་རྟེན་ཅིང་འབྲེལ་བའི་གངས་རི་དང་གཙང་བོ་གྲུབ་རྗེས
ངས་སེམས་པའི་ཞི་འཇགས་ཀྱི་རྩྭ་ཐང་ལ་ཨ་ཕའི་དངུལ་ཁྲག་གི་ལུག་ཁྱུ་བཅོལ་ཡོད

                                                     2016_8_6

   
                                                                              རྩོམ་སྒྲིག་པ། ལྷ་སྐྱིད།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།