མཚན་གྱི་སྐྱེ་འཆི། ༼ ཞར་བཀོད་གཅིག་ཡོད ༽

སྒྲོག་ནག ༼ མགོ་ལོག ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-08-16


ཇེ་འཁྱག་ཏུ་སོང་བའི་མཚན་མོ་འདི་ལ
མེ་ཡི་རླབས་རྒྱུན་ཁོག་ཏུ་བཞུར

བརྩེ་འཕྲིན་དེའང་འཇའ་ཚོན་ཞིག་སྟེ
སྙིང་ལ་རེག་དུས་ཆགས་སྡང་གི་རྩེ་རུ་འཆར་འདུག

རྨི་ལམ་ཇེ་རིང་དུ་སོང་ནས་རྒྱང་རིང་འདི་ཟིན་པ་མེད
འདོད་པ་སྲེག་བྱེད་ཀྱི་ཁ་བར་བཀྲག་རྩི་འབར་དགོས

རྨ་ཁའི་ནང་གི་སྒེའུ་ཁུང་མཐའ་རུ
དབྱར་དགུན་གཉིས་ལ་མེ་ཏོག་བཞད་ཡོད

རླུང་ཆེན་དེའང་རྟག་ཏུ་ལྡང་ཚེ
རྒྱུ་སྐར་དག་གིས་འོད་ཀྱང་འགག་འགྲོ

མུན་པའི་ནང་དུ་འཁྱུག་འགྲོས་བྱེད་འོང
ཡིག་འབྲུའི་གསེབ་ཏུ་གླུ་སྐད་འཐོར་ཡོད
གངས་རིའི་རྩེ་མོ་ཡིད་ལ་ཤར་འོང
ཟླ་ཟེར་དེའང་མིག་གིས་འཛིན་ཐུབ

                                        ༢༠༡༦.༦.༡༠མཚན་མོར་སྦྱར །

                                      རྨི་ལམ་དགུ་མདུད ། 

ཟླ་འོད་ཀྱི་སྒེའུ་ཁུང་གྲང་བས་ངར་ཅིང
ཕྱི་ཡི་ཁ་བ་རྔམ་གྱིས་འཕྱུར་བཞིན
ས་གཞིའི་གདོང་ལ་རིང་དུ་བྱེར
ནམ་མཁའ་དེ་ནི་ནག་པོ་ཡིན

རྨི་ལམ་ནང་དུ་རླུང་བུ་གཡུག་ན
མལ་སའི་ནང་དུ་ཅི་ཞིག་ལྷུང་སྲིད
གྲིབ་མའི་ཕྱི་ནང་གཉིས་སུ་ཕྱེ་ན
དུས་ཚོད་ཁོ་ནས་འདར་ཡོམ་བྱེད་སྲིད

ཤིན་ཏུ་དཀར་བའི་གངས་རིའི་རྩེ་ནི
པདྨས་མདངས་ཀྱིས་རྣམ་པར་བརྒྱན་ན
ཉི་ཟླ་གཉིས་པོ་རབ་ཏུ་འབར་འོང

དཀར་ནག་གཉིས་ལྷན་དུ་འདྲེས་ཚེ
གློག་ཞགས་ནི་ཁྱོད་རང་ཡིན་པས་འཁྱུག་ཙམ་བྱས

རླུང་ཆེན་ལྡང་མ་ཐག
གཙང་བོ་མུན་པས་བཀབ་ན
རྨི་ལམ་ནང་གི་མཛའ་གླུར་ཚོན་རྩི་ནག་པོ་བརྒྱབ་དགོས

                                  ༢༠༡༦.༡.༡༡མཚན་མོར་སྦྱར ། 


                                                                                                             རྩོམ་སྒྲིག་པ། དབང་མོ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་གྱི་སྐྱེ་འཆི། ༼ ཞར་བཀོད་གཅིག་ཡོད ༽

2016-08-16 སྒྲོག་ནག ༼ མགོ་ལོག ༽ ཀློག་གྲངས། མཆན ཡོད།


ཇེ་འཁྱག་ཏུ་སོང་བའི་མཚན་མོ་འདི་ལ
མེ་ཡི་རླབས་རྒྱུན་ཁོག་ཏུ་བཞུར

བརྩེ་འཕྲིན་དེའང་འཇའ་ཚོན་ཞིག་སྟེ
སྙིང་ལ་རེག་དུས་ཆགས་སྡང་གི་རྩེ་རུ་འཆར་འདུག

རྨི་ལམ་ཇེ་རིང་དུ་སོང་ནས་རྒྱང་རིང་འདི་ཟིན་པ་མེད
འདོད་པ་སྲེག་བྱེད་ཀྱི་ཁ་བར་བཀྲག་རྩི་འབར་དགོས

རྨ་ཁའི་ནང་གི་སྒེའུ་ཁུང་མཐའ་རུ
དབྱར་དགུན་གཉིས་ལ་མེ་ཏོག་བཞད་ཡོད

རླུང་ཆེན་དེའང་རྟག་ཏུ་ལྡང་ཚེ
རྒྱུ་སྐར་དག་གིས་འོད་ཀྱང་འགག་འགྲོ

མུན་པའི་ནང་དུ་འཁྱུག་འགྲོས་བྱེད་འོང
ཡིག་འབྲུའི་གསེབ་ཏུ་གླུ་སྐད་འཐོར་ཡོད
གངས་རིའི་རྩེ་མོ་ཡིད་ལ་ཤར་འོང
ཟླ་ཟེར་དེའང་མིག་གིས་འཛིན་ཐུབ

                                        ༢༠༡༦.༦.༡༠མཚན་མོར་སྦྱར །

                                      རྨི་ལམ་དགུ་མདུད ། 

ཟླ་འོད་ཀྱི་སྒེའུ་ཁུང་གྲང་བས་ངར་ཅིང
ཕྱི་ཡི་ཁ་བ་རྔམ་གྱིས་འཕྱུར་བཞིན
ས་གཞིའི་གདོང་ལ་རིང་དུ་བྱེར
ནམ་མཁའ་དེ་ནི་ནག་པོ་ཡིན

རྨི་ལམ་ནང་དུ་རླུང་བུ་གཡུག་ན
མལ་སའི་ནང་དུ་ཅི་ཞིག་ལྷུང་སྲིད
གྲིབ་མའི་ཕྱི་ནང་གཉིས་སུ་ཕྱེ་ན
དུས་ཚོད་ཁོ་ནས་འདར་ཡོམ་བྱེད་སྲིད

ཤིན་ཏུ་དཀར་བའི་གངས་རིའི་རྩེ་ནི
པདྨས་མདངས་ཀྱིས་རྣམ་པར་བརྒྱན་ན
ཉི་ཟླ་གཉིས་པོ་རབ་ཏུ་འབར་འོང

དཀར་ནག་གཉིས་ལྷན་དུ་འདྲེས་ཚེ
གློག་ཞགས་ནི་ཁྱོད་རང་ཡིན་པས་འཁྱུག་ཙམ་བྱས

རླུང་ཆེན་ལྡང་མ་ཐག
གཙང་བོ་མུན་པས་བཀབ་ན
རྨི་ལམ་ནང་གི་མཛའ་གླུར་ཚོན་རྩི་ནག་པོ་བརྒྱབ་དགོས

                                  ༢༠༡༦.༡.༡༡མཚན་མོར་སྦྱར ། 


                                                                                                             རྩོམ་སྒྲིག་པ། དབང་མོ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།