དགུན་ཁ་ནི་ལྕགས་མཁར་ཞིག་དང་འདྲ།(ཞར་བཀོད་གཅིག་ཡོད)

ཁ་བ་རྐང་གླིང་།(གཞིས་ཀ་རྩེ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-08-20


བྲག་རིའི་སེར་ག་ལྟར་གས་པའི་ལྕགས་མཁར
དེའི་ནང་གི་འབུ་སྲིན་དང་སྐྱེ་དངོས་ཚོགས་འདར་བཞིན་ཡོམ

སེར་ག་བརྒྱུད་དེ་སེར་ག་ཇེ་ཆེར་གཏོང་མཁན་རྣམས
གཉེར་རིས་ཀྱི་ངོ་གདོང་ལ་འཛུམ་མདངས་ཀྱིས་ཁེངས་འདུག
རྔུལ་ཆུ་འཁྱིལ་ནས་འདུག

དཔྱིད་ཀ་ཞེས་པའི་ལྟ་མོ་དེ་ཕེབས་ན
ལྗང་ཐིང་ཐིང་གི་ཡུལ་ལྗོངས་ཞིག་ཏུ་བཟོ

ལྕགས་མཁར་ནང་གི་འབུ་སྲིན་འགའ
ལུས་པོ་པད་མ་བཞིན་དུ་གས་ཏེ
ཡིག་གེ་དྲུག་པོ་ཨུ་ཚུགས་ཀྱི་འདོན་བཞིན
འཆི་བ་ཞེས་པ་དེའི་ལག་གཡོབ་ལ་སྒུག་ནས་འདུག

                           མཇུག་སྡོམ་ཡིན་ལ་སྨོན་ལམ་ཡིན།

མི་རེའི་ལ་ཐོད་ལ་གཉེར་རིས་རེ་འབབ་བཞིན
སྐར་མདའ་དག་འཚུབ་ཙམ་གྱི་ཀློང་དུ
ས་གཞི་འདི་མཇུག་སྡོམ་བྱེད

རྨི་ལམ་དུ    སྐར་ཆེན་འདིའི་སྔ་རོལ་གྱི་མུན་ནག་ལ་རྡུང་ག་གཞུས་ཏེ
འོད་སྣང་གི་ཞོགས་པ་དེར་རེ་སྒུག་བྱེད

ལྕང་ལོ་དཀྲིས་པའི་མི་བུ་འགའ
ཚ་དྲོད་ལ་སྦྱར་ཏེ འོད་སྣང་ལ་འཐམས་ནས
རེ་སྨོན་ཡོད་ཚད་དེ་རིང་ནས་མགོ་རྩོམ་མོ་ཟེར

 རྨི་ལམ་དུ      བདག་གིས་ཀྱང་དེ་ལྟར་སྨོན་ལམ་འདེབས་སམ


                                                                             རྩོམ་སྒྲིག་པ། དབང་མོ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགུན་ཁ་ནི་ལྕགས་མཁར་ཞིག་དང་འདྲ།(ཞར་བཀོད་གཅིག་ཡོད)

2016-08-20 ཁ་བ་རྐང་གླིང་།(གཞིས་ཀ་རྩེ) ཀློག་གྲངས། མཆན ཡོད།


བྲག་རིའི་སེར་ག་ལྟར་གས་པའི་ལྕགས་མཁར
དེའི་ནང་གི་འབུ་སྲིན་དང་སྐྱེ་དངོས་ཚོགས་འདར་བཞིན་ཡོམ

སེར་ག་བརྒྱུད་དེ་སེར་ག་ཇེ་ཆེར་གཏོང་མཁན་རྣམས
གཉེར་རིས་ཀྱི་ངོ་གདོང་ལ་འཛུམ་མདངས་ཀྱིས་ཁེངས་འདུག
རྔུལ་ཆུ་འཁྱིལ་ནས་འདུག

དཔྱིད་ཀ་ཞེས་པའི་ལྟ་མོ་དེ་ཕེབས་ན
ལྗང་ཐིང་ཐིང་གི་ཡུལ་ལྗོངས་ཞིག་ཏུ་བཟོ

ལྕགས་མཁར་ནང་གི་འབུ་སྲིན་འགའ
ལུས་པོ་པད་མ་བཞིན་དུ་གས་ཏེ
ཡིག་གེ་དྲུག་པོ་ཨུ་ཚུགས་ཀྱི་འདོན་བཞིན
འཆི་བ་ཞེས་པ་དེའི་ལག་གཡོབ་ལ་སྒུག་ནས་འདུག

                           མཇུག་སྡོམ་ཡིན་ལ་སྨོན་ལམ་ཡིན།

མི་རེའི་ལ་ཐོད་ལ་གཉེར་རིས་རེ་འབབ་བཞིན
སྐར་མདའ་དག་འཚུབ་ཙམ་གྱི་ཀློང་དུ
ས་གཞི་འདི་མཇུག་སྡོམ་བྱེད

རྨི་ལམ་དུ    སྐར་ཆེན་འདིའི་སྔ་རོལ་གྱི་མུན་ནག་ལ་རྡུང་ག་གཞུས་ཏེ
འོད་སྣང་གི་ཞོགས་པ་དེར་རེ་སྒུག་བྱེད

ལྕང་ལོ་དཀྲིས་པའི་མི་བུ་འགའ
ཚ་དྲོད་ལ་སྦྱར་ཏེ འོད་སྣང་ལ་འཐམས་ནས
རེ་སྨོན་ཡོད་ཚད་དེ་རིང་ནས་མགོ་རྩོམ་མོ་ཟེར

 རྨི་ལམ་དུ      བདག་གིས་ཀྱང་དེ་ལྟར་སྨོན་ལམ་འདེབས་སམ


                                                                             རྩོམ་སྒྲིག་པ། དབང་མོ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།