ནམ་ལངས་ཁར།

image.jpeg

བརྩེ་བའི་ཉིང་ཁུ་སྐད་ཆའི་རྩིག་པ་ཞིབ་མོས་བསྙལ་ཏེ
ནམ་ལངས་ཁར་ང་རང་རང་ཤག་ཏུ་ལོག་དགོས

ན་ཚོད་དང་དུས་ཚོད་ཀྱི་དབང་གིས
ཁྱིམ་སྲོལ་དང་ཡུལ་སྲོལ་གྱི་རྐྱེན་གྱིས
ཟླ་བའི་འོད་དཀར་ཁོ་ན་བདག་ལ་དབང་བའི་གནམ་ས་ཡིན

མཚན་མོ་རེ་རེ་ནི་འོད་ལ་བསྟིམས་པའི་དུས་ཚོད་ཅིག་ཡིན་པས
ནམ་ལངས་པ་ནི་ཡིད་དུ་འོང་བའི་དུས་ཚོད་ཀྱི་བར་མཚམས་རེད
མཚན་མོ་ནི་གཏམ་རྒྱུད་ཅིག་བྲི་བའི་འགོ་བརྩམས་པ་ཡིན་ཚེ
ནམ་ལངས་པ་ནི་གཏམ་རྒྱུད་དེ་བྲི་མཚམས་བཞག་པ་ཡིན་ནམ
མ་རེད་གཏམ་རྒྱུད་དེ་སྐྱོ་སྣང་གིས་བྲི་འགོ་བརྩམས་པ་རེད

ཁྱོད་དང་འབྲེལ་བའི་མི་སེམས་ཀྱི་བགྲོད་ལམ་དེ་གཉན་འཕྲང་ཞིག་ཡིན་པས
ནམ་ལངས་ཁར་རྒྱབ་ཕྱོགས་སུ་ལུས་པའི་ཁྱོད་ཀྱིས་ང་ལ་སེམས་ཁུར་བྱས་ཀྱང
གཉན་འཕྲང་དེ་གཏོར་བཤིག་གིས་བགྲོད་བདེ་ཞིག་བཟོ་བར་མི་སྤོབས
གཏན་ནས་མི་ཕོད   གཏན་དུ་མི་སྤོབས
ད་དུང་གཉན་འཕྲང་འདི་བརྒྱུད་པར་རེ་བ་དང་སྨོན་ལམ་བརྒྱབ་ཡོང

དུས་ཚོད་ཀྱི་སྲུབས་ཀར་བཞད་པའི་མེ་ཏོག་ཅིག
རྨི་ལམ་གྱི་སོ་ཁར་འཁྲིལ་བའི་འདུན་མ་ཞིག
དབྱར་གསུམ་གྱི་སྤང་ལ་བསྲེས་ཤིང་དགུན་གསུམ་གྱི་ཙག་ལ་ངར་ཡང
ནམ་ལངས་ཁར་ང་རང་རང་མལ་དུ་ལོག་དགོས

ང་རང་ཁྱོད་ལ་ཉེ་བའི་མི་སེམས་ཀྱི་ཚེར་མར་གྱུར་བས
མི་སྡུག་པའི་རྩྭ་ལོ་རླུང་གིས་དེད་དེ་ང་སར་འོངས

ནམ་ལངས་ཁར
ང་རང་སྔར་ལམ་དེད་དེ་ཕྱིར་ལོག་དགོས
                                    
                          ༢༠༡༦/༠༢/༠༡ཉིན།

རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནམ་ལངས་ཁར།

2016-09-19 ལྡོག་འཆར། ཀློག་གྲངས། མཆན ཡོད།

image.jpeg

བརྩེ་བའི་ཉིང་ཁུ་སྐད་ཆའི་རྩིག་པ་ཞིབ་མོས་བསྙལ་ཏེ
ནམ་ལངས་ཁར་ང་རང་རང་ཤག་ཏུ་ལོག་དགོས

ན་ཚོད་དང་དུས་ཚོད་ཀྱི་དབང་གིས
ཁྱིམ་སྲོལ་དང་ཡུལ་སྲོལ་གྱི་རྐྱེན་གྱིས
ཟླ་བའི་འོད་དཀར་ཁོ་ན་བདག་ལ་དབང་བའི་གནམ་ས་ཡིན

མཚན་མོ་རེ་རེ་ནི་འོད་ལ་བསྟིམས་པའི་དུས་ཚོད་ཅིག་ཡིན་པས
ནམ་ལངས་པ་ནི་ཡིད་དུ་འོང་བའི་དུས་ཚོད་ཀྱི་བར་མཚམས་རེད
མཚན་མོ་ནི་གཏམ་རྒྱུད་ཅིག་བྲི་བའི་འགོ་བརྩམས་པ་ཡིན་ཚེ
ནམ་ལངས་པ་ནི་གཏམ་རྒྱུད་དེ་བྲི་མཚམས་བཞག་པ་ཡིན་ནམ
མ་རེད་གཏམ་རྒྱུད་དེ་སྐྱོ་སྣང་གིས་བྲི་འགོ་བརྩམས་པ་རེད

ཁྱོད་དང་འབྲེལ་བའི་མི་སེམས་ཀྱི་བགྲོད་ལམ་དེ་གཉན་འཕྲང་ཞིག་ཡིན་པས
ནམ་ལངས་ཁར་རྒྱབ་ཕྱོགས་སུ་ལུས་པའི་ཁྱོད་ཀྱིས་ང་ལ་སེམས་ཁུར་བྱས་ཀྱང
གཉན་འཕྲང་དེ་གཏོར་བཤིག་གིས་བགྲོད་བདེ་ཞིག་བཟོ་བར་མི་སྤོབས
གཏན་ནས་མི་ཕོད   གཏན་དུ་མི་སྤོབས
ད་དུང་གཉན་འཕྲང་འདི་བརྒྱུད་པར་རེ་བ་དང་སྨོན་ལམ་བརྒྱབ་ཡོང

དུས་ཚོད་ཀྱི་སྲུབས་ཀར་བཞད་པའི་མེ་ཏོག་ཅིག
རྨི་ལམ་གྱི་སོ་ཁར་འཁྲིལ་བའི་འདུན་མ་ཞིག
དབྱར་གསུམ་གྱི་སྤང་ལ་བསྲེས་ཤིང་དགུན་གསུམ་གྱི་ཙག་ལ་ངར་ཡང
ནམ་ལངས་ཁར་ང་རང་རང་མལ་དུ་ལོག་དགོས

ང་རང་ཁྱོད་ལ་ཉེ་བའི་མི་སེམས་ཀྱི་ཚེར་མར་གྱུར་བས
མི་སྡུག་པའི་རྩྭ་ལོ་རླུང་གིས་དེད་དེ་ང་སར་འོངས

ནམ་ལངས་ཁར
ང་རང་སྔར་ལམ་དེད་དེ་ཕྱིར་ལོག་དགོས
                                    
                          ༢༠༡༦/༠༢/༠༡ཉིན།

རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།